天果洛 地果洛 - 藏音馆
ས་མགོ་ལོག གནམ་མགོ་ལོག
ཚིག དུར་བུར་རྣམ་གྲགས།
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།
འཁྲབ་ཁྲིད། དབྱངས་ཅན་ལྷ་མོ། སྐྱིད་ཁོ།
ཨ་སྔོན་ཡངས་པོ་འདི་གདོད་མའི་མགོ་སྦྲ་ཡིན།
ས་གཞི་བརྟན་པོ་འདི་འདོད་མའི་རྐང་ལྷམ་ཡིན།
ཚེ་སྲོག་དང་གནམ་ས་འདྲེས་པས།
རང་བྱུང་གི་གཤིས་རྒྱུད་བཅོས་མི་དགོས།
ས་མགོ་ལོག གནམ་མགོ་ལོག
རྨ་རྒྱལ་སྦོམ་ར་འདི་ཕ་ཡི་རིགས་རུས་ཡིན།
གཉན་པོ་གཡུ་རྩེ་འདི་མ་ཡི་མཆེད་ཁུངས་ཡིན།
ལྷ་ཚོགས་དང་མི་ཚོགས་འདྲེས་པས།
བློ་སྟོབས་ཀྱི་མགོ་བོ་དམད་མི་དགོས།
ས་མགོ་ལོག གནམ་མགོ་ལོག
འདོ་ཕྲུག་རྟ་ཕོ་འདི་མི་ཚེའི་ཕྱེད་ཀ་ཡིན།
ཁྲ་རིང་མེ་མདའ་འདི་སྲོག་གི་ཁེབས་མ་ཡིན།
སྨོན་ལམ་དང་བྱང་ལམ་འདྲེས་པས།
གར་འགྲོ་ལ་རང་ཚོད་འཛིན་མི་དགོས།
ས་མགོ་ལོག གནམ་མགོ་ལོག
འདོ་ཕྲུག་རྟ་ཕོ་འདི་མི་ཚེའི་ཕྱེད་ཀ་ཡིན།
ཁྲ་རིང་མེ་མདའ་འདི་སྲོག་གི་ཁེབས་མ་ཡིན།
སྨོན་ལམ་དང་བྱང་ལམ་འདྲེས་པས།
གར་འགྲོ་ལ་རང་ཚོད་འཛིན་མི་དགོས།
ས་མགོ་ལོག གནམ་མགོ་ལོག