Warning: foreach() argument must be of type array|object, null given in /www/wwwroot/mp3b.com/function.php on line 411
遗失的爱 - 尼玛翁姆_尼玛翁姆 - 音乐榜 - 免费无损音乐MP3、FLAC、WAV播放下载网站
遗失的爱 - 尼玛翁姆

尼玛翁姆

专辑:《遗失的爱》

更新时间:2025-04-08 23:10:24

文件格式:flac

网盘下载

遗失的爱 - 尼玛翁姆 歌词

遗失的爱 - 尼玛翁姆

词:果斯曼

曲:不丹民间

上传人:念藏仁青

ཤོར་སོང་ངོ་། ཤོར་སོང་ངོ་སྨན་ང་ཡི་བརྩེ་སེམས་འདི།

བུ་ཁྱོད་མཐོང་དུས་འགོག་ཐབས་མེད་པ་ཤོར་སོང་ངོ་།

ཁྱོའི་འཛུམ་ཆུང་མེ་ཏོག་པདྨ་མཛེས་པ་ལ།

མིག་ཁྲ་ཆུང་གཡུ་ཡི་སྦྲང་མ་འབབ་འདྲ་རེད།

ལང་ཚོ་མཛེས།

གཤིས་རྒྱུད་དྲང་།

སྙིང་སྡུག་ལགས།

ང་རང་ནམ་ཡང་ཁྱོད་ལ་དགའ།

ཨོ་ཧོ་ཧོ་་ཧོ་ཧོ་ཧོ་ཨ་ཧ་ཧ་ཧ་ཧ་

ང་ཡི་སྙིང་གི་བུ་ཆུང་ལགས།

ངས་ཕུལ་བའི་རྒྱ་སེ་མེ་ཏོག་བུ་ཁྱོད་ཀྱིས་གཡུག་པ་མ་གནང་།

བརྩེ་དུང་དང་མི་ཚེའི་ཡོད་ཚད་ བུ་ཁྱོད་ཀྱི་ཕྱག་ཏུ་ཕུལ་ཡོད།

ང་ཡི་སྙིང་གཏམ་གཡུ་ཆུང་དྲུག་དཀར།

ཨོ་ཧོ་ཧོ་ཨོ་ཧོ་ཧོ་

སེམས་པའི་གཏིང་ལ་བཞག་རོགས།

འགྱུར་བ་མེད། འགྱུར་བ་མེད། སྨན་ང་ཡི་སེམས་ནང་གི།

བུ་ཁྱོད་དགའ་བའི་བརྩེ་བ་འདི་ནི་འགྱུར་བ་མེད།

ཁྱོའི་བརྩེ་དུང་རྒྱ་མཚོ་སྔོན་མོ་མ་བསྐམ་ན།

ངའི་དུང་བའི་གསེར་ཉ་སེར་པོ་འཆི་མེད་ཡིན།

ཕྱི་ཐག་རིང་།

ཁྲེལ་གཞུང་ལྡན།

སྙིང་སྡུག་ལགས།།

ངའི་སེམས་ནམ་ཡང་ཁྱོད་ལ་དགའ།

ཨོ་ཧོ་ཧོ་ཧོ་ཧོ་ཨ་ཧ་ཧ་ཧ་ཧ་

ང་ཡི་སྙིང་གི་བུ་ཆུང་ལགས།

ངའི་སྙིང་དང་འདྲ་བའི་བུ་ཆུང་།

ཁྱོའི་ཐུགས་སེམས་འགྱུར་བ་མ་གནང་།

རྒྱུ་ལོངས་སྤྱོད་ཡོད་ཀྱང་མེད་ཀྱང་།

སེམས་བསམ་པའི་དམ་བཅའ་བརྟན་དགོས།

ངའི་སེམས་ཀྱི་བུ་ཆུང་ངེད་གཉིས།

ཨོ་ཧོ་ཧོ་ཧོ་མི་ཚེ་གཅིག་ལ་སྐྱིད་དགོས།

མི་ཚེ་གཅིག་ལ་སྐྱིད་དགོས།

མི་ཚེ་གཅིག་ལ་སྐྱིད་དགོས།