爱之约定 - 仲巴罗布

仲巴罗布

专辑:《爱之约定》

更新时间:2025-01-15 21:37:26

文件格式:mp3

网盘下载

爱之约定 - 仲巴罗布 歌词

爱之约定 - 仲巴罗布

词:仲巴罗布

曲:仲巴罗布

དམར་ཆུང་སེམས་ཀྱི་དགའ་ས་ཁྱོད་ཡིན།།

དྲན་པ་གསོན་པོ་དུང་བའི་མི་ཡིན།།

ཁྱེད་ཀྱི་བརྩེ་བ་ཁ་ཙམ་མིན་ན།།

དུང་སེམས་ཕྲ་མོ་ཁྱོད་ལ་འཁོར་ཡོང་།།

བརྩེ་བ་གངས་ཀྱི་རི་ཡིན།།

འགྱུར་མེད་སྲིད་པའི་དཔེ་ཡིན།།

བརྩེ་བ་དམར་མོ་ཁྲག་ཡིན།།

ཟུང་ཁྲག་འཚོ་བའི་རྟེན་ཡིན།།

དགའ་བ་དུང་བ་མི་ཡི་གཤིས་རེད།།

འཛོམས་པ་བྲལ་བ་སྲིད་པའི་ཆོས་རེད།།

ཆུང་ནས་གཤིབ་པའི་རྩེ་རོགས་མིན་ཡང་།།

ཚེ་མཐའ་འགྲོགས་པའི་དགའ་ལོ་ཡིན་ཤོག།

ཁྱོད་ནི་རྒྱ་མཚོའི་རླབས་རེད།།

ང་ནི་གསེར་མིག་ཉ་ཡིན།།

མཛའ་མཐུན་གསེར་གྱི་ཐག་པ།།

འཁོར་བ་དུང་བའི་མཚོ་མོ།།

ལས་དབང་ཟེར་བ་རྒན་པོའི་ཤོབ་རེད།།

བརྩེ་དུང་ཟེར་བདེན་པའི་གཏམ་རེད།།

འདུས་བྱས་ཆོས་ལ་རྟག་པ་མེད་རུང་།།

བརྩེ་དུང་འདི་ལ་ནུབ་པ་མེད་ཤོག།

སེམས་དང་བསམ་པ་མཐུན་ན།།

རྟ་ཕོ་གཞན་ནས་གཡར་ཆོག།

གཏམ་ལ་འགྱུར་བ་མེད་ན།།

སྡོད་ཁང་ག་ལེར་བསྐྲུན་ཆོག།