情人 - 岗贡加

岗贡加

专辑:《情人》

更新时间:2025-01-24 00:19:36

文件格式:mp3

网盘下载

情人 - 岗贡加 歌词

情人 - 岗贡加

词:唯曲

曲:岗贡加

(未经许可,不得翻唱或使用)

ཚིག་དོན་རྩ་ཅན་ཟིག་བཤད་ནོ་འདི་སྙིང་ཉེ།

བརྗེད་མི་ཉན་ནམ་ཡང་རྟག་དགོས༼ཡ༽སྙིང་ཉེ།

ལས་སྐྱིད་སྡུག་གཉིས་ཀ་མི་གཅིག་རུང་སྙིང་ཉེ།

སེམས་སྨོན་ལམ་བཏབ་ན་ལོས་མཉམ༼ཡ༽སྙིང་ཉེ།

མིག་ཁྲ་ཆུང་ཆག་ཀ་ཆ་མས།

ནམ་ཡིན་རུང་ང་ས་བལྟ་དགོས༼ཡ༽སྙིང་ཉེ།

དཀར་དུང་ཆུང་སོ་ཕྲེང་བསྒྲིག་མ།

ནམ་ཡིན་རུང་ང་ལ་སྟོན་དགོས་༼ཡ༽སྙིང་ཉེ།

སྡེ་མྱི་ཁས་མི་སེམས་བསྒྱུར་རུང་།

ཚིག་དམ་བཅའ་སེམས་ནས་མ་འབོར།

འདང་མཚོ་མོ་འདྲ་ཟིག་ཆག་ནོ་འདི་སྙིང་ཉེ།

ཡལ་མི་ཉན་སེམས་ཀྱི་དྲོད་ཡིན་༼ཡ༽སྙིང་ཉེ།

སེམས་འོ་མ་འདྲ་ཟིག་བསྟན་ནོ་འདི་སྙིང་ཉེ།

དོར་མི་ཉན་ཡ་ཆུང་སྙིང་ཡིན་༼ཡ༽སྙིང་ཉེ།

ཚིག་སྙིང་གཏམ་ཁུ་བྱུག་མགྲིན་དབྱངས།

གཞན་མ་ཤོར་ང་ལ་གསུང་རོགས༼ཡ༽སྙིང་ཉེ།

ལུས་ལང་ཚོ་གློ་ཁའི་མེ་ཏོག

དྲི་མ་ཡལ་ང་ལ་གནང་རོགས༼ཡ༽སྙིང་ཉེ།

ལོ་ཟླ་བའི་འཁོར་སྐྱོད་བར་ནས།

ཞེ་སྣང་བ་རྙིང་གི་མ་འཇུག

ལམ་སྐྱ་མོ་ཀྱག་ཀྱོག་ཆེ་ན་ཡང་སྙིང་ཉེ།།

བགྲོད་ལོས་དགོ་མདུན་ལམ་གཅིག་རེད༼ཡ༽སྙིང་ཉེ།

ན་ལང་ཚོ་རྒས་ཉམས་ཤར་ན་ཡང་སྙིང་ཉེ།

འདང་འདུན་པ་དེང་མའི་ལྷག་རེད་༼ཡ༽སྙིང་ཉེ།

ནང་འཁོར་བའི་ཉིན་སྲིབ་བར་ནས།

སེམས་དགའ་སྐྱོ་ཆེ་ཡང་མཐུན་དགོ༼ཡ༽སྙིང་ཉེ།

ལམ་སྐྱ་མོ་ལྡོག་ལམ་ཉག་གཅིག

ལས་དཀའ་སྡུག་ཆེ་ཡང་བགྲོད་དགོས༼ཡ༽སྙིང་ཉེ།

ཚེ་ཉི་མ་རིང་ཐུང་ཤོར་རུང་།

ཤ་མཆིན་པ་དྲོད་འཁྱག་མི་འཆོར།