夏日女神 - 南江秋措
词:日当呷扎
曲:加贝
ཉི་མའི་འཛུམ་ཟེར་རི་ལ་བབས་ནས།
དྲོ་འཇམ་གྱ་མཁའ་རླངས་ས་ལ་ཐིམ་དུས།
ཁུ་བྱུག་སྟོང་གི་སྙན་ངག་ཀློང་ནས།
དལ་གྱིས་ཕེབས་པའི་དབྱར་གྱི་ལྷ་མོ།
ཨ་་་་་་་་་དབྱར་གྱི་ལྷ་མོ།
ཨ་་་་་་་་་དབྱར་གྱི་ལྷ་མོ།
ཡེ་་་་་་་་་ཁྱེད་ཀྱིས་སྒོ་ནོར་ཁྲ་ཁྲ་ལ།
རྩེད་འཇོའི་སྣང་བ་སྒྲོན་དུས།
འོ་ཟོམ་གྱི་ཕྲེང་བ་ཁྱིམ་དུ་བགྲངས་སོང་།
དལ་གྱིས་ཕེབས་པའི་དབྱར་གྱི་ལྷ་མོ།
ཆུ་འཛིན་སྒེག་མོ་མཁའ་ལ་མཆོངས་ནས།
ཆར་ཐིགས་ཀྱི་ཟིལ་བ་ས་ལ་བཀྲམ་དུས།
མེ་ཏོག་སྟོང་གི་མཛེས་སྡུག་ཀློང་ནས།
དལ་གྱིས་ཕེབས་པའི་དབྱར་གྱི་ལྷ་མོ།
ཨ་་་་་་་་་དབྱར་གྱི་ལྷ་མོ།
ཨ་་་་་་་་་དབྱར་གྱི་ལྷ་མོ།
ཡེ་་་་་་་་་ཁྱེད་ཀྱིས་ཞིང་རི་ཞིང་ཐང་ལ།
ལྗང་བུའི་སྙེ་མ་བཙུགས་དུས།
ལོ་ཏོག་གི་དམ་བེ་ས་ལ་བཞག་སོང་།
ཨ་་་་་་་་་དབྱར་གྱི་ལྷ་མོ།
ཨ་་་་་་་་་དབྱར་གྱི་ལྷ་མོ།
ཡེ་་་་་་་་་ཁྱེད་ཀྱིས་ཞིང་རི་ཞིང་ཐང་ལ།
ལྗང་བུའི་སྙེ་མ་བཙུགས་དུས།
ལོ་ཏོག་གི་དམ་བེ་ས་ལ་བཞག་སོང་།
དལ་གྱིས་ཕེབས་པའི་དབྱར་གྱི་ལྷ་མོ།