心中的圣地 - 白玉扎西

白玉扎西

更新时间:2025-03-20 19:50:41

文件格式:mp3

网盘下载

心中的圣地 - 白玉扎西 歌词

心中的圣地 - 白玉扎西

སེམས་ནང་གི་གནས་མཆོག

གསེར་སེར་པོའི་ཉི་མ་ཤར་འདྲ་བོ།།

སྟོད་ཀྱི་དབུས་གཙང་ཡིད་ཀྱི་ཇོ་བོ་རེད།།

སྟོད་ཀྱི་དབུས་གཙང་ཡིད་ཀྱི་ཇོ་བོ་རེད།།

ཕྱག་ཐལ་མོས་ལྷ་ལ་ཕྱག་གསུམ་འཚལ།།

བོད་འགྲོ་བ་ཡོངས་ཀྱི་སྐྱབས་གནས་རེད།།

བོད་འགྲོ་བ་ཡོངས་ཀྱི་སྐྱབས་གནས་རེད།།

དངུལ་དཀར་བོ་ཚོམ་བུ་སྤུངས་འདྲ་བོ།།

གན་ཕོ་བྲང་པོ་ཏ་ལྷ་ཁང་རེད།།

གན་ཕོ་བྲང་པོ་ཏ་ལྷ་ཁང་རེད།།

དར་དཀར་པོ་ཁ་བཏགས་གན་ན་འཕེན།།

རྗེ་སྲོང་བཙན་སྒམ་པོའི་ཕོ་བྲང་རེད།།

རྗེ་སྲོང་བཙན་སྒམ་པོའི་ཕོ་བྲང་རེད།།

བོད་ཡིག་བརྡ་འཕྲིན་སྒྲིག་གཅོད་ཚོགས་པར་ཞུགས་པར་དགའ་བསུ་ཞུ།།

མཚོ་སྔོན་མོ་མཚོ་བུ་འཁྱིལ་འདྲ་བོ།།

སྨད་མདོ་ཁམས་ཡུལ་ཀྱི་དཔེ་ཆ་རེད།།

སྨད་མདོ་ཁམས་ཡུལ་ཀྱི་དཔེ་ཆ་རེད།།

སྐད་སྙན་མོ་གླུ་དབྱངས་ལན་གསུམ་བླངས།།

བུ་ང་ཡི་འདབ་ལག་རྒྱས་ས་རེད།།

བུ་ང་ཡི་འདབ་ལག་རྒྱས་ས་རེད།།

ཁྲ་ལམ་མེར་སྐར་ཚོགས་ཤར་འདྲ་བོ།།

དགོན་ཆེན་མོ་བྱང་ཆུབ་ཆོས་གླིང་རེད།།

དགོན་ཆེན་མོ་བྱང་ཆུབ་ཆོས་གླིང་རེད།།

དགོན་དེ་ལ་སྨོན་ལམ་ཡང་ཡང་འདེབས།།

ཚེ་ཕྱི་མའི་ལམ་སྟོན་རྒྱས་ས་རེད།།

ཚེ་ཕྱི་མའི་ལམ་སྟོན་རྒྱས་ས་རེད།།