瓜尔·东赞 - 南措

南措

专辑:《瓜尔·东赞》

更新时间:2025-03-05 02:47:21

文件格式:mp3

网盘下载

瓜尔·东赞 - 南措 歌词

瓜尔·东赞 - 南措

词:玛赛

曲:四郎仁青

སྔོན་སྐུ་རྒྱལ་བཙན་པོའི་དུས།བློ་ཐབས་དང་རིག་པ་རྣོ་བའི།

བློནཆེན་པོ་མགར་གྱི་རྒྱུད་པ།བུ་སྟོང་བཙན་གླིང་ལ་གྲགས་མྱོང་།

དགྲ་ནག་པའི་སྟེང་ལ་མེ་ཡིན།མེ་དམར་པོ་ཞིག་གི་ཚ་ཡིན།

མགོ་མདོག་གི་ཞུ་བ་མེད་ན།

སྲོག་དམར་པོ་ཐར་དུ་མུ་འཇུག།

གཉེན་དཀར་པོའི་སྟེང་བལ་ཡིན།

བལ་ཁ་ཆུ་ཅན་པོའི་འཇམ་ཡིན།

གོང་རྒྱལ་བོའི་ཐུགས་བཞེད་འགྲུབ་ན།

སྡུག་དཀའ་ཚེགས་མྱོང་རུང་མི་འགྱོད།

ཐུགས་སྙིང་སྟོབས་གཞན་ལས་ལྷག་པའི།

བོད་བཙན་པོའི་མངའ་ཐང་སྤེལ་མྱོང་།

བློན་སྐུ་དྲིན་ཅན་པོ་བཟང་བས།

རྗེ་རྒྱལ་བོའི་མཛད་འཕྲིན་དར་མྱོང་།

བློན་འདི་འདྲ་རེ་རེ་ཡོད་པས།

བོད་བཙན་པོའི་མཚན་སྙན་ལེན་མྱོང་།

མགར་སྐུ་དྲིན་ཅནཔོ་བསམ་ནས།

གླུ་ཚིག་གསུམ་ངག་ནས་ཤོར་ཐལ།