舞韵 - 藏音馆

藏音馆

专辑:《果洛锅庄》

更新时间:2025-03-15 09:22:46

文件格式:mp3

网盘下载

舞韵 - 藏音馆 歌词

舞韵 - 藏音馆

词:尖火花

曲:朗甲曲迈才让

འཇིག་རྟེན་ཤར་གྱི་ཕྱོགས་ལ་བཀྲ་ལ་ཤིས།

ཤར་ཕྱོགས་ཉི་མ་སེར་པོ་བཀྲ་ལ་ཤིས།

བཀྲ་ཤིས་ཉི་མ་གསེར་གྱི་ཁ་ཞག་ཡིན།

གསེར་གྱི་ཁ་ཞག་འཇིག་རྟེན་གཡང་ལ་ཆགས།

གཞོན་པ་ང་ཚོ་གཡུ་ཡི་པད་གདན་འདྲ།

ཡ་རེ་ལོ།

པད་གདན་འགྱུར་བ་མི་གནང་ཨ་ལེ་ཧོ།

བསོ་ཡ་ལ། བསོ་ཡ་ལ་ནས་བསོ།

འཇིག་རྟེན་ལྷོ་ཡི་ཕྱོགས་ལ་བཀྲ་ལ་ཤིས།

ལྷོ་ཕྱོགས་སྤྲིན་པ་དཀར་པོ་བཀྲ་ལ་ཤིས

བཀྲ་ཤིས་སྤྲིན་པ་དངུལ་གྱི་བུམ་པ་འདྲ།

དངུལ་གྱི་བུམ་པ་འཇིག་རྟེན་གཡང་ལ་ཆགས།

གཞོན་པ་ང་ཚོ་ཤེལ་གྱི་མེ་ཏོག་འདྲ།

ཡ་རེ་ལོ།

མེ་ཏོག་འགྱུར་བ་མི་གནང་ཨ་ལེ་ཧོ།

འཇིག་རྟེན་ནུབ་ཀྱི་ཕྱོགས་ལ་བཀྲ་ལ་ཤིས།

ནུབ་ཕྱོགས་ཟླ་བ་དཀར་པོ་བཀྲ་ལ་ཤིས།

བཀྲ་ཤིས་ཟླ་བ་དུང་གི་མེ་ལོང་འདྲ།

དུང་གི་མེ་ལོང་འཇིག་རྟེན་གཡང་ལ་ཆགས།

གཞོན་པ་ང་ཚོ་བྱུ་རུའི་ལྗོན་པ་འདྲ།

ཡ་རེ་ལོ།

ལྗོན་པ་གཡོ་བ་མི་གནང་ཨ་ལེ་ཧོ།

བསོ་ཡ་ལ། བསོ་ཡ་ལ་ནས་བསོ།

འཇིག་རྟེན་བྱང་གི་ཕྱོགས་ལ་བཀྲ་ལ་ཤིས།

བྱང་ཕྱོགས་གངས་རིའི་སྨུག་པོ་བཀྲ་ལ་ཤིས།

བཀྲ་ཤིས་གངས་རི་གཡང་ཊིའི་མཆོད་རྟེན་འདྲ།

གཡང་ཊིའི་མཆོད་རྟེན་འཇིག་རྟེན་གཡང་ལ་ཆགས།

གཞོན་པ་ང་ཚོ་མུ་ཏིག་མཆོད་རྒྱན་འདྲ།

ཡ་རེ་ལོ།

མཆོད་རྒྱན་གཟུར་བ་མི་གནང་ཨ་ལེ་ཧོ།

གཡང་ཊིའི་མཆོད་རྟེན་འཇིག་རྟེན་གཡང་ལ་ཆགས།

གཞོན་པ་ང་ཚོ་མུ་ཏིག་མཆོད་རྒྱན་འདྲ།

ཡ་རེ་ལོ།

མཆོད་རྒྱན་གཟུར་བ་མི་གནང་ཨ་ལེ་ཧོ།