我的故乡·瓦须色达 - 彭洛

彭洛

专辑:《同学》

更新时间:2025-03-09 21:11:44

文件格式:mp3

网盘下载

我的故乡·瓦须色达 - 彭洛 歌词

我的故乡·瓦须色达 - 彭洛

词:布优

曲:玲甲·曲迈才让

发行:墨枫文化

དབལ་ཤུལ་གསེར་རྟ།

གཞས་ཚིག བུ་ཡུག

གཞས་གདངས། གླིང་རྒྱལ་འཆི་མེད་ཚེ་རིང་།

གཞས་པ། ཕུན་ལོ།

སྡེ་སྟོད་ཕྱོགས་འབྲོག་གི་ཕྱུགས་གཡང་སྦྲ་ལ་འཁོར་ཡོད།

སྦྲ་གྲུ་བཞིའི་ཆོན་ཐག་རྟ་ཡི་ཆོལ་ཁར་བརྐྱང་ཡོད།

སྡེ་སྨད་ཕྱོགས་རོང་གི་འབྲུ་གཡང་ཞིང་ལ་འཁོར་ཡོད།

ཞིང་རྣང་མའི་ཁ་རྒྱ་མི་ཡི་ཆོལ་ཁར་འབྲེལ་ཡོད།

ས་བྱིན་ཆགས་འདི་བོད་མིའི་ས་ཡིན།

མི་བྱིན་ཆགས་འདི་གདོང་གི་རྒྱུད་ཡིན།

ངའི་ཕ་ས་མ་ཡུལ།

དབལ་ཤུལ་གསེར་རྟ།

ཁྱེད་ཀྱི་དར་རྒུད་གླུ་རུ་གྱེར་ཡོད།

ཁྱེད་ཀྱི་འབྱུང་འགྱུར་མིག་གིས་འཚོས་ཡོད།

དཔོན་བཙན་པོ་དབལ་ཤུལ་དཔོན་གྱི་གདུང་རབས་ཆད་མེད།

ལྷ་བཙན་པོ་འབྲོང་རི་སྨུག་པོའི་དགྲ་ལྷ་ཉམས་མེད།

ནང་ཕུ་ནུའི་དཔུང་རྡང་མ་ཆད་རི་ལས་བརྟན་པ།

ཆུང་བྱིས་པའི་སེམས་རུས་མ་འགྱུར་མེས་པོའི་བླ་རུས།

ས་བྱིན་ཆགས་འདི་བོད་མིའི་ས་ཡིན།

མི་བྱིན་ཆགས་འདི་གདོང་གི་རྒྱུད་ཡིན།

ངའི་ཕ་ས་མ་ཡུལ།

དབལ་ཤུལ་གསེར་རྟ།

ཁྱེད་ཀྱི་དར་རྒུད་གླུ་རུ་གྱེར་ཡོད།

ཁྱེད་ཀྱི་འབྱུང་འགྱུར་མིག་གིས་འཚོས་ཡོད།

གདོང་གི་རྒྱུད་ཡིན།

ངའི་ཕ་ས་མ་ཡུལ།

དབལ་ཤུལ་གསེར་རྟ།

ཁྱེད་ཀྱི་དར་རྒུད་གླུ་རུ་གྱེར་ཡོད།

ཁྱེད་ཀྱི་འབྱུང་འགྱུར་མིག་གིས་འཚོས་ཡོད།