布谷鸟赞歌 - 仲白

仲白

专辑:《梦回草原》

更新时间:2025-05-26 01:26:14

文件格式:flac

网盘下载

布谷鸟赞歌 - 仲白 歌词

布谷鸟赞歌 - 仲白

词:贡唐仓.丹贝旺旭

曲:贡唐仓.丹贝旺旭

音乐宣传:谢旦贴吧工作室

༡ནགས་ཚལ་སྟུག་པོའི་ཁྲོད་ན།།སྨན་ཆུང་ཁུ་བྱུག་སྔོན་མོ།།

གསུང་སྙན་རེ་རེ་སྒྲོག་དུས།།སེམས་ལ་སྨྲེང་བ་སྐྱེས་སོང་།།

༢འདབ་ཆགས་བྱ་ཡི་ལུས་ལ།།ལྷ་ཡི་གསུང་སྙན་ལྡན་ཁྱོད།།

ལྷོ་མོན་ཕྱོགས་ནས་ཡོང་བའི།།ལུས་ལ་ཉེས་པ་མེད་དམ།།

༣སྒྲོ་ལྡན་རྨ་བྱ་གཞོན་ནུ།།བྱ་བརྒྱའི་མཛེས་མ་ལེགས་ཀྱང་།།

མགོ་ནག་བོད་འདི་དགའ་ས།།ཁུ་བྱུག་སྔོན་མོ་ཁྱོད་ཡིན།།

༤ཁྱོད་ཀྱིས་གསུང་སྙན་སྒྲོག་དུས།།གནམ་ཟླ་དབྱར་གྱི་མགོ་ཚུགས།།

གནམ་ལ་ཆར་ཆུ་མང་བས།།ས་ལ་རྩི་བཅུད་རྒྱས་སོང་།།

༥སྐྱིད་པའི་སྤང་ལྗོངས་སྟེང་ནས།།དགའ་བའི་དགའ་བྲོ་འཁྲབ་སོང་།།

སྐྱེ་བ་ཡང་ཡང་རྩེ་བའི།།སྨོན་ལམ་ནན་ཏན་འདེབས་སོང་།།

གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།