如花般的姑娘 - 朋毛扎西
词:藏韵
曲:三佰东主
编曲:谢尔巴
录音/后期:洛桑亚排/谢尔巴
ཆུང་འདྲིས་དབྱར་གྱི་མེ་ཏོག
སད་དང་བསེར་བའི་མ་བཅོམ །
ང་ཡི་དགུན་ཟླ་རིང་མོའི །
གདུང་བའི་ཞེན་ཆགས་ཡིན་འགྲོ །
ཨ་ལ་ཡེ་ ཨ་ལ་ཡེ །
བུ་མོ་ཆུང་ལ་མེ་ཏོག
སྐྱེ་བ་འདི་ཡི་ལས་འཕྲོའི །
གཏན་གྱི་འདུན་མ་ཁྱོད་ཡིན །
ཞེ་འདང་དབྱར་གྱི་མཚོ་མོ །
སྨྲེང་བའི་འགྲམ་དར་མ་ཆགས །
ངང་ཆུང་རྒྱང་བཞུད་གནང་དུས །
ལྷོ་མཐའི་དྲན་པ་འཁུར་འགྲོ །
ཨ་ལ་ཡེ་ ཨ་ལ་ཡེ །
བུ་མོ་ཆུང་ལ་མེ་ཏོག
ཚེ་རབས་འདི་ཡི་དཔུང་རོགས །
འཁོར་བའི་སྙིང་བོ་ཁྱོད་ཡིན །
ཨ་ལ་ཡེ་ ཨ་ལ་ཡེ །
བུ་མོ་ཆུང་ལ་མེ་ཏོག
ཚེ་རབས་འདི་ཡི་དཔུང་རོགས །
འཁོར་བའི་སྙིང་བོ་ཁྱོད་ཡིན །