མེ་སྟག་SPARK-火花 - 曲尼

曲尼

专辑:《མེ་སྟག་SPARK-火花》

更新时间:2025-04-11 01:34:14

文件格式:mp3

网盘下载

མེ་སྟག་SPARK-火花 - 曲尼 歌词

མེ་སྟག་SPARK-火花 - 曲尼

词:曲尼

曲:曲尼

ནམ་མཁའ་སྔོན་པོ་ ཁྲི་གདུག་ཀྱི་ཉི་མ།རྒྱང་རིང་ནས་སིལ་སིལ་ལྡང་བའི་རླུང་བུ་དེ་ཚོར་བ་མི་འདྲ་ཞིག་སྦྱིན་

མི་ཚེ་རིང་པོ་ འགྱུར་མེད་ཀྱི་འདུན་པ།མུན་ནག་གི་མཚན་མོའི་ཁྲོད་ནས་ག་ལེར་འབར་བའི་མེ་ལྕེའི་འོད་དེ་གསལ།

ལས་དབང་གི་བཀག་མེད་

ཡིད་ཐང་དེ་མ་ཆད་

མི་ཟུང་གི་རིག་རྒྱུ་མེད་པས་གཤོག་རྩལ་ངོམས་པའི་དུས་དེ་ད་ལྟ་རེད།

མཐའ་ཡས་ཀྱི་རྒྱ་མཚོ་ དྲག་ཏུ་འཕྱུར་བའི་རྦ་རླབས།

གཟི་བརྗིད་དང་དཔའ་ངར་དེ་ང་ཚོར་ལྡན་པའི་སྔར་ཡོད་ཀྱི་སེམས་ཤུགས་ཡིན་

སྨག་རུམ་གྱི་དཀྱིལ་ནས་ང་ཚོས་སྒྲོན་མེ་འཁྱེར།

སོ་སོར་དབང་བའི་ལམ་དེ་བཙལ།

ཡིད་ཀྱི་གཏད་སའི་དམིགས་ཡུལ་དེ་ཆེད་གཤོག་རྩལ་ངོམས་ནས་འགྲོ།

རྨི་ལམ་དང་ཕུགས་བསམ་ཡོད་པ་ནམ་མཁར་ཆགས་པའི་སྐར་ཚོགས།

དུས་རབས་ཀྱི་རྗེས་སུ་འབྲངས་བ་རྒྱུན་ལྡན་གྱི་འཚོ་བའི་ཆོས་ཉིད།

ལས་ཀྱི་མཐའ་རྫོགས་མེད་ན་

ལྷག་སྲིད་པའི་རེ་བ་ཡོད།

ང་ཚོར་ལྡན་པའི་རྫུ་འཕྲུལ་དངོས་གནས་དེ་ངོམ་པའི་ཚོད་དེ་དུས་ད་ལྟ།

གྲང་ངར་བུ་ཡུག་འཚུབ་པའི་དུས་ལ་ཡང་

བཟོད་བསྲན་ཐུབ་པའི་སྟོབས་ཤུགས་སུ་ལས་ཆེ།ཚ་ཞིང་སྲེག་པའི་མེ་ལས་འཐོར་བའི་

སྐད་ཅིག་གི་འོད་དེ་ནི་ལྷག་པར་རྣམ་པར་བཀྲ།ཚང་མ་ང་དང་མཉམ་དུ་ལག་པ་དགུང་གི་སྟེང་ལ་སྐྱངས་

གཞས་དེའི་མདངས་དང་ལུས་པོའི་སྟང་སྟབས་ང་དང་མཉམ་དུ་ཡོད་

ལ་དང་ཀླུང་པོ་བརྒལ་ནས་ཁ་བ་གངས་ཅན་མཛེས་པའི་ཡུལ་ནས་ཐོན་ཕྱིན།

རང་ལ་དབང་བའི་ཡིད་སེམས་ནང་གི་འབར་བའི་མེ་ལྕེའི་འོད་དེ་འཚོལ་ཆེད་

དཀའ་ངལ་ན་ཟུག་རྨ་ཁ་ཚང་མ་གནས་སྐབས་མི་ཚེའི་བགྲོད་ལམ་སོང་ཙང་

མཇའ་མཚོན་ཡོད་ཚད་དྲག་ཆར་རྗེས་ཀྱི་ང་ཚོར་སྤྲད་པའི་མཐའ་མའི་ལག་རྟགས།

ང་ཚོ་ཡི་མ་འོངས་ཀྱི་ལམ་ཁག་སྟེང་དུ།

མུ་མཐུད་ནས་རང་ལ་དབང་བའི་མེ་ལྕེ་དེ་འཚོལ་

ང་ཚོ་ཡི་མ་འོངས་ཀྱི་ལམ་ཁ་སྟེང་དུ།

ལས་ལ་དབང་བའི་འཚོ་བ་དེ་འཚོལ།