三姐妹 - 白玉扎西
词:白玉扎西
曲:白玉扎西
编曲:白玉扎西
མགོ་ལ་སྤ་པྲོག་གྲུ་གསུམ་གྱོན།
སྐེ་ལ་དངལ་གྱི་གའུ་རྒྱན།
ཞལ་རས་པདྨའི་མེ་ཏོག་འདྲ།
དེ་ནི་དབུས་གཙང་བུ་མོ།
མགོ་ལ་གཡུ་དང་སྤོས་ཤེལ་བརྒྱན།
སྐེ་ལ་གཟི་དང་བྱུ་རུ་བརྒྱན།
ཞལ་རས་སྤང་རྒྱན་མེ་ཏོག་འདྲ།
དེ་ནི་ཁམས་པའི་བུ་མོ་ཡིན།
མགོ་ལ་རྒྱ་གར་ཞྭ་མོ་གྱོན།
སྐེད་ལ་དངུལ་གྱི་བཞོ་ལུང་བརྒྱན།
ཞལ་རས་སེར་ཆེན་མེ་ཏོག་འདྲ།
དེ་ནི་ཨ་མདོའི་བུ་མོ་ཡིན
རྒྱུ་འབྲས་སྲུང་ཞིང་དགེ་སེམས་ཆེ།
ངོ་ཚ་ལྡན་ཞིང་ལས་ལ་བཙན།
གངས་ལྷ་མེ་ཏོག་འདྲ་བ་དེ།
གངས་ཅན་བོད་ཀྱི་བུ་མོ་ཡིན།