酒歌 - 欧智卓玛
词:阿格赛
曲:冷智
དགུང་ཉི་མ་སེར་པོའི་གུར་ཁང་ན།།
ཞིང་སྙེ་མའི་ཞོ་ཁ་འགྲིག་ནས་ཡོད།།
ནས་སྔོན་མོ་བཙོས་པའི་ཉིང་ཁུ་འདི།།
ཕ་ཨ་ཁུར་སེམས་པ་མཚོན་ཕྱིར་འབུལ།།
ལོ་ཆང་ཁམས་པ་ཡིན།
བག་བྲོར་གཙང་བཞེས་གནོངས།
གཞིས་སྐྱིད་པོ་ཁང་བཟང་གྲུ་བཞིའི་ནང་།།
ཕ་ཨ་ཁུ་གཏན་ལ་འཛོམས་ནས་ཡོད།།
ཆང་བདུད་རྩི་བུ་མོའི་སྣོམས་པ་འདིས།།
ཁྲོམ་དགའ་སྐྱིད་གླུ་ཡི་སྒོ་མོ་ཕྱེས།།
གཞིས་བྱེས་ལྷན་དུ་འཛོམས།
གཞས་ར་ཁྲ་མོ་བསྟོད།
སྐྱིད་སྤྲོ་དགས་ཁེངས་པའི་ཉིན་མོ་ལ།།
ལག་དཀར་ཡོལ་དཀར་སངས་འབྲུག་རིས་ནང་།།
ཟས་ཞིམ་མངར་འཛོམས་པའི་མཆོད་ཆང་འཇོག།
སྐྱིད་འཚོ་བ་བཟང་པོའི་ལས་སྨོན་རྒྱས།།
ཆོལ་གསུམ་བོད་པ་ཚོར།
ཡར་རྒྱས་འཆམ་མཐུན་ཤོག