远方的朋友 - 德白
ཨ་སྔོ་ཡེ།
ནམ་མཁའི་དབྱངས་སུ།
གསེར་མདོག་ཉི་མ་ཅིང།དྲན་གདུང་ཡུལ་གྱིས་མུན་པ།
ནམ་ཡང་ཟེར་ཐུབ་མི་འདུག།རྒྱང་རིང་ཡུལ་གྱི་གྲོགས་པོ།
ནམ་ཡང་སེར་་ཐུབ་མི་འདུག གྲོགས་པོ
དུང་སེམས་ཡེ
དུང་གི་ཟླ་བ།
དྭངས་པའི་མཁའ་རུ་ཤར་ཅིང།བརྩེ་བའི་བདུད་བརྩིའི་ཟག་མ།
ཁྱེད་ལ་གནང་ཐུབ་མ་བྱུང།རྒྱང་རིང་ཡུལ་གྱི་གྲོགས་པོ།
ཁྱེད་ལ་ནང་ཐབས་མ་བྱུང། གྲོགས་པོ
ཚེས་ཆེན་ཡེ།
བཅོ་ལྔའི་དུང་ཟླ།
ཡང་ཡང་ཁེར་འགྲོ་མ་བྱེད།རྒྱང་རིང་ཡུལ་གྱི་བསྐུར་བའི
་སྙིང་གི་གྲོགས་པོ་དྲན་བྱུང།རྒྱང་རིང་ཡུལ་གྱི་གྲོགས་པོ
།སྙིང་གི་གྲོགས་པོ་་དྲན་སོང།གྲོགས་པོ།
སྤྲིན་པ་ཡེ
ཕར་འགྲོ་ཞིག་ལ
།དྲན་པའི་གླུ་ཆུང་དུར་ཡང་།ཡུད་འོངས་འཕྲིན་གྱི་ཕོ་ཉ།
བར་ཆད་རླུང་གི་གཏོར་སོང།རྒྱང་རིང་ཡུལ་གྲོགས་པོ།
བར་ཆད་རླུང་གི་གཏོར་སོང །གྲོགས་པོ།
ཐུང་ཐུང་ཡེ
མི་ཚེ་ཕྱེད་ག་ཡེ།མ་མའི་སྐྱིད་སྡུག་ཁྲོད་ནས།
རྒྱང་རིང་གྲོགས་པོ་ཁྱེད་ལ།རེ་སྒུག་ནང་ནས་ལྷག་སོང།
རྒྱང་རིང་ཡུལ་གྱི་གྲོགས་པོ།
རེ་སྒུག་ནང་ནས་ལྷག་སོང།གྲོགས་པོ་།
ནམ་ཞིག་ཡེ།
ནུབ་ལང་དེ་ལ།གཞི་གཤིས་ལྷན་འཛོམས་བྱུང་ནས།
རྫོགས་ལྡན་གསར་བའི་དགའ་སྟོན།མྱུར་དུ་སླེབས་པའི་བཀྲ་ཤིས།
རྒྱང་རིང་ཡུལ་གྱི་གྲོགས་པོ།མྱུར་དུ་སླེབས་པའི་བཀྲ་ཤིས།
གྲོགས་པོ