缘的命珠 - 谢旦美朵拉毛

谢旦

美朵拉毛

专辑:《缘的命珠》

更新时间:2025-01-20 01:36:07

文件格式:mp3

网盘下载

缘的命珠 - 谢旦美朵拉毛 歌词

缘的命珠 - 谢旦/美朵拉毛

词:岗华

曲:忠措·西仁多杰

音乐宣传:谢旦贴吧工作室

བདག་ཡིད་ཨུ་དུམ་ཝ་རའི་སྐྱེད་ཚལ་ན།

ཁྱེད་ཀྱི་ཟུར་མིག་བུང་བ་གཡོ་བཞིན་འདུག

བདག་ཡིད་ཟླ་འོད་ལྷུང་བའི་མཚོ་ནང་ན།

ཁྱེད་ཀྱི་འཛུམ་མདངས་ད་དུང་སྐྱོམ་གྱིན་འདུག།

སྦྲ་མཐིང་སྨུག་ནང་གི་འབྲོག་ཕྲུག་མ་ལགས།

ངའི་ཚེར་དཀར་གྱི་ལུག་ཆུང་འཚོ་རོགས་ལགས།

སྤང་མེ་ཏོག་ནང་གི་སེར་ཆེན་མ་ལགས།

རྟ་འདོ་བ་ཡི་གོང་ནས་སྐུ་ཚེ་རིང་།

དགོད་འཛུམ་ལ་བྱུ་རུའི་དམར་ཁ་བབས་པའི་བུ་མོ།

རྫི་གླུ་ལ་ཁུ་ལོའི་གྲེ་འགྱུར་རྫོགས་པའི་བུ་མོ།

སྨུག་པའི་ན་བུན་ཁུར་བའི། །

རྫ་རྒྱུད་གཅིག་གི་ཡུ་མོར། །

རྫ་ཆུ་འཐུང་རོགས་ང་ཡོང་། །

རྫ་རྩྭ་ཟ་རོགས་ང་ཡོང་། །

རྨི་ལམ་འཇའ་རིས་འཁྱུག་པའི་མེ་ལོང་ནང་།

ཁྱེད་ཀྱི་གཡུ་ཡི་རྣ་ཆ་འགུལ་གྱིན་འདུག།

མི་རྟག་སྒྱུ་མའི་སྨག་ཆེན་འཐིབ་ན་ཡང་། །

སྐྱེ་ཞིང་སྐྱེ་བར་ཁྱེད་ལ་མཇལ་སྙིང་འདོད།

སྡེ་ཆེན་པོའི་དཀྱིལ་གྱི་འབྲོག་ཕྲུག་མ་ལགས།

ནང་ན་ཟླའི་གྲལ་གྱི་སྐྱེས་ཡག་མ་ལགས།

ངའི་ཡང་ཆུང་གི་མེ་ཏོག་འཐུ་རོགས་ལགས།

ཁ་ཚིག་གསུམ་གྱི་ནང་ནས་ཞེ་སེམས་མཐུན།

ཁྲེལ་གཞུང་ལ་རིང་བསྲེལ་ནོར་བུ་བབས་པའི་བུ་མོ།

དམ་ཚིག་ལ་རྡོ་རྗེ་ཚེ་མདུད་ཐེབས་པའི་བུ་མོ།

མྱིའི་ཁའི་ཚེར་མའི་ནང་ལ། །

ལས་འཕྲོའི་སྟར་བུ་འཁྲུངས་ན། །

ཟུག་གཟེར་རྐང་ལ་ཟུག་ཀྱང་། །

བདག་ཡིད་ཟླ་འོད་ལྷུང་བའི་མཚོ་ནང་ན།

ཚེར་ཤིང་ལམ་ནས་ང་ཡོང་། །

ཁྱེད་ཀྱི་འཛུམ་མདངས་ད་དུང་སྐྱོམ་གྱིན་འདུག།

བདག་ཡིད་ཨུ་དུམ་ཝ་རའི་སྐྱེད་ཚལ་ན།

ཁྱེད་ཀྱི་ཟུར་མིག་བུང་བ་གཡོ་བཞིན་འདུག