竹歌 - 藏巴罗布

藏巴罗布

专辑:《达瓦雪努》

更新时间:2025-04-11 17:03:39

文件格式:flac

网盘下载

竹歌 - 藏巴罗布 歌词

སྨྱུག་གཞས། 竹歌 - 藏巴罗布

སྨྱུག་མ་སྐྱེས་སའི་སྐྱེ་ཡུལ། །

རྩ་རིའི་རོང་ནས་སྐྱེས་བྱུང་། །

སྨྱུག་མ་ཤུན་རི་ཤུན་ཚད། །

རྩ་རིའི་རོང་ནས་སྐྱེས་བྱུང་། །

སྨྱུག་མ་ཤུན་རི་ཤུན་ཚད། །

རྩ་རིའི་རོང་ནས་སྐྱེས་བྱུང་། །

སྨྱུག་མ་རྩ་བ་བཅད་ནས། །

ཇ་ཁྲ་ཉན་པ་ཡོད་དོ།།

མཆོད་ཆང་ཞིམ་རེ་ཞིམ་ཚད། །

ཇ་ཁྲའི་ནང་ནས་བཀྱགས་ཡོད། །

མཆོད་ཆང་ཞིམ་རེ་ཞིམ་ཚད། །

ཇ་ཁྲའི་ནང་ནས་བཀྱགས་ཡོད། །

སྨྱུག་མ་སྐེད་པ་བཅད་ནས། །

འཕྲེད་གླིང་ཉན་པ་ཡོད་དོ།།

གླུ་གཞས་སྙན་རེ་སྙན་ཚད། །

འཕྲེད་གླིང་ནང་ནས་ཕུལ་ཡོད། །

གླུ་གཞས་སྙན་རེ་སྙན་ཚད། །

འཕྲེད་གླིང་ནང་ནས་ཕུལ་ཡོད། །

སྨྱུག་མ་རྩེ་མོ་བཅད་ནས། །

དབུ་ཤིང་ཉན་པ་ཡོད་དོ།།

དབུ་ལྕོག་ཚོས་སྣ་འཛོམས་པ། །

དབུ་ཤིང་རྩེ་ལ་བསྒྲིགས་ཡོད། །

དབུ་ལྕོག་ཚོས་སྣ་འཛོམས་པ། །

དབུ་ལྕོག་ཚོས་སྣ་འཛོམས་པ། །

དབུ་ཤིང་རྩེ་ལ་བསྒྲིགས་ཡོད

དབུ་ཤིང་རྩེ་ལ་བསྒྲིགས་ཡོད། །། །