似水情歌 - 果洛尖参仁真吉

果洛尖参

仁真吉

专辑:《似水情歌》

更新时间:2025-01-31 20:53:10

文件格式:mp3

网盘下载

似水情歌 - 果洛尖参仁真吉 歌词

似水情歌 - 果洛尖参/仁真吉

词:雪仓·班玛才让

曲:罗赛

歌曲宣传:谢旦贴吧工作室

མཛེས་སྡུག་ལང་ཚོ་རྒྱས་པའི།།

མོ་གཞོན་ཡིད་ཀྱི་འཁྲི་ཤིང་།།

བརྩེ་གླུ་དལ་འགྲོ་རིང་མོ།།

ང་ལ་མ་གཏོགས་མ་ལེན།།

བརྩེ་བ་རྣམ་དག་ཡིན་ན།།

དུང་བའི་དམ་བཅའ་བརྟན་ན།།

འགག་མེད་བརྩེ་བའི་གླུ་ཆུང་།།

ཁྱོད་རང་གཅིག་ལ་བླངས་ཆོག།

རྩལ་དྲུག་ལུས་ལ་རྫོགས་པའི།།

ཕོ་གཞོན་སེམས་ཀྱི་ནོར་བུ།།

གཡོ་མེད་སྙིང་གཏམ་གསོན་པོ།།

ང་ལ་མ་གཏོགས་མ་བཤད།།

ཞེ་ལ་སླད་པ་མེད་ན།།

ཚིག་ལ་འགྱུར་བ་མེད་ན།།

སྙིང་གཏམ་རྒུམ་ཆང་མངར་མོ།།

ཁྱོད་རང་གཅིག་ལ་དྲངས་ཆོག

དུང་བའི་གདངས་ལ་བརྒྱུས་པའི།།

དབྱངས་སྙན་ངག་གི་བརྩེ་གླུ།

ཚིག་དང་ཚིག་གིས་གསང་བ།།

འུ་གཉིས་མ་གཏོགས་མི་ཤེས།།

སྡེ་ཆེན་འཚོ་བའི་གྲོང་ན།།

བྱམས་པ་ལུས་སེམས་ཆ་འགྲིག།

གཅིག་སེམས་གཅིག་གིས་འཚོས་ནས།།

འཇིག་རྟེན་སྣང་བ་རོལ་འགྲོ།།