青梅竹马 - 多杰久梅

多杰久梅

专辑:《青梅竹马》

更新时间:2025-02-10 15:05:31

文件格式:mp3

网盘下载

青梅竹马 - 多杰久梅 相似推荐
青梅竹马 - 多杰久梅 歌词

青梅竹马 - 多杰久梅

词:多杰久梅

曲:多杰久梅

ཆུང་འདྲིས་བྱམས་པ།

ཚིག/དབྱངས/གཞས་པ/རྡོ་རྗེ་འཇིགས་མེད།

དབྱར་ཆུ་ཆེ་ན་ཆེ་སོང་།

དགུན་ཆུ་ཆུང་ན་ཆུང་སོང་།

རྟ་ཕོ་རག་ཆུང་ངེད་གཉིས།

ཆུ་མགོ་བསྐོར་ནས་སླེབས་ཡོང་།

རྟ་ཕོ་རག་ཆུང་ངེད་གཉིས།

ཆུ་མགོ་བསྐོར་ནས་སླེབས་ཡོང་།

ང་ཡི་ཆུང་འདྲིས་བྱམས་པ།།

ཁྱེད་རང་བདེ་མོ་ཡིན་ནམ།།

མ་མཇལ་ཡུན་རིང་འགོར་སོང་།།

ཆུང་འདྲིས་སྙིང་གི་ལྷ་མོ།།

ལང་ཚོ་དར་ལ་འབབ་པའི།།

ལུས་འཇམ་ཆུང་འདྲིས་བྱམས་པ།།

འཛུམ་དཀར་དུང་གི་རྣམ་སྤྲུལ།།

ཡིད་འཕྲོག་སྙིང་གི་ལྷ་མོ།།

འཛུམ་དཀར་དུང་གི་རྣམ་སྤྲུལ།།

ཡིད་འཕྲོག་སྙིང་གི་ལྷ་མོ།།

ཆུང་ལོ་བུ་ལ་དགའ་དགའ།།

བུ་ལོ་ཕར་ལ་འཐད་འཐད།།

ཕར་དགའ་ཚུར་འཐད་བར་ལ།།

གཏམ་ལ་གསང་བ་མི་འདུག།

ཕར་དགའ་ཚུར་འཐད་བར་ལ།།

གཏམ་ལ་གསང་བ་མི་འདུག།

ཚེ་གཅིག་འགྲོགས་རྒྱུ་ཁ་ཆད།།

ཕ་མའི་བཀའ་ནི་མ་ཡིན།།

གཡས་ར་གཡང་འཁྱིལ་གདན་ལ།།

ཁྱེད་རང་འབབ་པ་སྒུག་ཡོད།།

ཆུང་ལོ་བུ་ལ་དགའ་དགའ།།

བུ་ལོ་ཕར་ལ་འཐད་འཐད།།

ཕར་དགའ་ཚུར་འཐད་བར་ལ།།

གཏམ་ལ་གསང་བ་མི་འདུག།

ལམ་ལ་དཀར་ནག་ཡོད་ཀྱང་།།

བློ་ལ་ཐེ་ཚོམ་མི་འདུག།

འཚོ་བ་དགའ་རུང་སྐྱིད་རུང་།།

ཁྱེད་དང་འགྲོགས་རྒྱུ་བསམ་བྱུང་།།

ཚེ་གཅིག་འགྲོགས་རྒྱུ་ཁ་ཆད།།

ཕ་མའི་བཀའ་ནི་མ་ཡིན།།

གཡས་ར་གཡང་འཁྱིལ་གདན་ལ།།

ཁྱེད་རང་འབབ་པ་སྒུག་ཡོད།།

གཡས་ར་གཡང་འཁྱིལ་གདན་ལ།།

ཁྱེད་རང་འབབ་པ་སྒུག་ཡོད།།

ཆུང་ལོ་བུ་ལ་དགའ་དགའ།།

བུ་ལོ་ཕར་ལ་འཐད་འཐད།།

ཕར་དགའ་ཚུར་འཐད་བར་ལ།།

གཏམ་ལ་གསང་བ་མི་འདུག།

ཕར་དགའ་ཚུར་འཐད་བར་ལ།།

གཏམ་ལ་གསང་བ་མི་འདུག།