Warning: foreach() argument must be of type array|object, null given in /www/wwwroot/mp3b.com/function.php on line 411
SoDo-k-Dear (藏德尖参 三佰东主 remix) - 藏德尖参&三佰东主_藏德尖参,三佰东主 - 音乐榜 - 免费无损音乐MP3、FLAC、WAV播放下载网站
SoDo-k-Dear (藏德尖参 三佰东主 remix) - 藏德尖参&三佰东主

藏德尖参

三佰东主

专辑:《Dear》

更新时间:2025-03-01 07:22:14

文件格式:mp3

网盘下载

SoDo-k-Dear (藏德尖参 三佰东主 remix) - 藏德尖参&三佰东主 歌词

SoDo-k-Dear (藏德尖参 / 三佰东主 remix) - 藏德尖参/三佰东主

词:杰嘎儿

曲:三佰东主/藏德尖参

ཁྱོད་ཉིད་གང་དུ་སོང་།

ངའི་བརྩེ་དུང་གང་དུ་ལྷག

ང་ལ་མ་གསང་དྲང་མོར་བཤད་རོགས།

མནའ་ཚིག་གང་དུ་བསྐྱུར།

རྨི་ལམ་གང་དུ་བོར།

སུ་ལ་མ་བཤད་ང་ལ་ཤོད།

ངའི་ལང་ཚོའི་དབྱར་ཁ་འདི་ལ།

ཞེ་འདང་མེ་ཏོག་མཁོ།

ངའི་བརྩེ་དུང་སྦྲང་ཆར་བསིལ་མ།

འཇའ་ཚོན་སྣ་ལྔ་དགོས།

ངའི་ཁེར་རྐྱང་སེམས་པའི་ནང་ལ།

དུང་བ་དགོས་ནི་ཨི་རེད།

གཞོན་པ་འུ་ཚོའི་བར་ལ།

ཁྲེལ་གཞུང་འཚམ་ནི་ཨི་རེད།

སུ་ལ་མ་བཤད་ང་ལ་ཤོད།

སྙིང་ཉེ།

ངའི་སེམས་ཀྱི་ཟླ་བ་ལྷ་མོ།

ཡིད་འཕྲོག་གངས་ལྷ་མེ་ཏོག

ཁྱོད་ཉིད་གང་དུ་བུད་སོང་།

ཁྱོད་ཉིད་ཅི་ལྟར་བུད་སོང་།

ཕྱི་ཐག་ཅི་ལྟར་ཆད་སོང་།

དྲན་པ་དེ་གང་དུ་བསྐྱུར་སོང་།

དུང་བ་དེ་གང་ནས་བརྗེད་སོང་།

སྙིང་ཉེ།

དམ་བཅའ་དེ་གང་དུ་ལུས་སོང་།

རྣམ་ཤེས་གང་དུ་འཁྱམས་སོང་།

ལས་དབང་དེ་ཕར་ལ་བསྐྱུར་ནས།

གམ་དུ་ལོག་ཤོག་སྙིང་ཉེ།

ཁྱོད་ཉིད་སོང་སའི་ཡུལ་ལ།

དབྱར་ཟླ་དྲོན་མོ་ཨི་ཡོད།

ཁྱོད་ཉིད་བསྡད་སའི་ཡུལ་ལ།

རླུང་བུ་བསིལ་མོ་ཨི་ཡོད།

མནའ་ཚིག་གང་དུ་བསྐྱུར་ཡོད།

རྨི་ལམ་གང་དུ་བོར་སོང་།

སུ་ལ་མ་བཤད་ང་ལ་ཤོད།

ངའི་ལང་ཚོའི་དབྱར་ཁ་འདི་ལ།

ཞེ་འདང་མེ་ཏོག་མཁོ།

ངའི་སེམས་ཀྱི་ཟླ་བ་ལྷ་མོ།

ཡིད་འཕྲོག་གངས་ལྷ་མེ་ཏོག

ཁྱོད་ཀྱི་འདས་ཟིན་པའི་གཏམ་རྒྱུད་དེར་ང་རང་ཡོད་ཅིང་།

ང་ཡི་ཟད་ཚར་བའི་ལོ་ཟླ་དག་ཀྱང་ཁྱོད་ལས་མ་འདས་ན།

མཛེས་སྡུག་ཡིད་དུ་འོངས་བའི་འབྱུང་འགྱུར་གྱི་དབྱངས་རྟ་སྙན་མོ་དེ།

ང་ཚོས་མཉམ་དུ་བླངས་ན་ཅིས་མི་ཆོག

སླར་ཡང་འཕྲད་རྒྱུ་བྱུང་ན་བརྩེ་དུང་ང་ལ་གནང་རོགས།

ཡང་བསྐྱར་འཛོམས་རྒྱུ་བྱུང་ན་དམ་བཅའ་ང་ལ་ཞོག

སེམས་ཀྱི་ཟླ་བ་ལྷ་མོ། ཡིད་ཀྱི་གངས་ལྷ་མེ་ཏོག

ཁྱོད་ཉིད་གང་དུ་བུད་སོང་།

ཁྱོད་ཉིད་ཅི་ལྟར་བུད་སོང་།

དྲན་པ་དེ་གང་དུ་བསྐྱུར་སོང་།

དམ་བཅའ་དེ་གང་དུ་ལུས་སོང་།

རྣམ་ཤེས་གང་དུ་འཁྱམས་སོང་།

ལས་དབང་དེ་ཕར་ལ་བསྐྱུར་ནས།

གམ་དུ་ལོག་ཤོག་སྙིང་ཉེ།