感恩母亲 - 曲塔

曲塔

专辑:《野牦牛雄歌》

更新时间:2025-05-07 05:16:31

文件格式:mp3

网盘下载

感恩母亲 - 曲塔 歌词

感恩母亲 - 曲塔

Lyrics by:才文

Composed by:曲塔

Arranged by:小鹏

དལ་འབྱོར་མི་ལུས་བསྐྲུན་མཁན་དྲིན་ཆེན་མ།།

གོམ་གསུམ་གོམ་པ་ཁྲིད་མཁན་དྲིན་ཆེན་མ།།

ང་ཡི་ངག་སྒོ་ཕྱེ་མཁན་དྲིན་ཆེན་མ།།

བླངས་དོར་བློ་མིག་སྦྱིན་མཁན་དྲིན་ཆེན་མ།།

ཨ་མའི་པགས་ཚགས་ནང་ནས་བློ་རིག་རྒྱས།།

ཞིམ་མངར་བཅུད་ལྡན་འོ་མས་ལུས་སྟོབས་གསོས།།

ཨ་མའི་བྱམས་བརྩེ་ཀློང་ནས་ལང་ཚོ་སྨིན།།

ཨ་མ་དྲིན་ཆེན་ང་ཡི་ཡོད་ཚད་ཡིན།།ཨ་མ་དགའ་དགའ་མ།ཨ་མ་སྐྱིད་སྐྱིད་མ།ཨ་མ་ཚེ་རིང་མ།ཨ་མ་ལོ་བརྒྱ་མ།

ཨ་མའི་བཀའ་དྲིན་གསེར་གྱི་ཉི་མ་རེད།།

ཨ་མའི་ལྷག་བསམ་དུང་གི་ཟླ་བ་རེད།།ཨ་མ།

ཨ་མ་ཁྱེད་ཀྱི་བཀའ་དྲིན་གླུ་ཡིས་བསྟོད།།

ཨ་མའི་བཀའ་དྲིན་གསེར་གྱི་ལྷུན་པོ་རེད།།

ཨ་མའི་བྱམས་བརྩེ་དངུལ་གྱི་མཚོ་མོ་རེད།།

ཨ་མའི་གདམ་ངག་དུས་ཐོག་ཆར་པ་རེད།།

ཨ་མ་ལོ་བརྒྱ་སྐུ་ཁམས་བདེ་བ་སྨོན།།ཨ་མ་དགའ་དགའ་མ།ཨ་མ་སྐྱིད་སྐྱིད་མ།ཨ་མ་ཚེ་རིང་མ།ཨ་མ་ལོ་བརྒྱ་མ།

བཀའ་དྲིན་གསེར་གྱི་ཉི་མ་རེད།།

ཨ་མའི་ལྷག་བསམ་དུང་གི་ཟླ་བ་རེད།།ཨ་མ།

ཨ་མ་ཁྱེད་ཀྱི་བཀའ་དྲིན་གླུ་ཡིས་བསྟོད།།

ཨ་མ་ཁྱེད་ཀྱི་བཀའ་དྲིན་གླུ་ཡིས་བསྟོད།།