འཐེན་ཐུག་འཐེན下面 - 多多.Dodo
词:尕太加
曲:尕太加
编曲/录音:尕太加
和声:才让东珠/仁增太/梅朵尕姆/JASON J
龙头琴:杨杰才让
音乐宣传:谢旦贴吧工作室
ཤར་ཕྱོགས་རྒྱ་མཚོའི་ཀློང་ནས་ ལྡེམ་ལྡེམ་ལྡེམ།
སྐྱིད་པའི་ཉི་མ་ཤར་སོང་ལྡེམ་ལྡེམ་ལྡེམ།
ཉི་མའི་དྲོད་ཁོལ་འཛོམས་ནས་ ལྡེམ་ལྡེམ་ལྡེམ།
རྩི་ཤིང་ལོ་འདབ་རྒྱས་སོང་ ལྡེམ་ལྡེམ་ལྡེམ།
ང་རང་སེང་ལྕམ་འབྲུག་མོའི་ཚ་མོ།
ལྷ་མོ་སྒྲོལ་མ་ལྷ་སྐྱིད་ཕུར་སྒྲོན་འདྲ་བོ་མིན་པའི་བུ་མོ།
ཁྱོད་ཀྱི་གཡོན་མ་མིན་གཡོག་མོ་མིན།
སུ་དང་འཕྲད་ན་ང་ནི་ང་རང་ཡིན།
ར་ལ་སོང་།
དེ་རིང་འཇིག་རྟེན་འདི་ཡི་བདག་མོ་ང་རང་ཡིན།
ཁ་འདི་གདངས་གདངས་མི་ཉན།
མིག་འདི་དམར་དམར་མི་ཉན། སེམས་འདི་ནག་མི་ཉན།
ཨ་རོགས་་་ཨེ་་་་ཨ་རོགས་་་ཁ་སུམས།
ཨ་རོགས་་་ཨེ་་་་ཨ་རོགས་་་ཁ་སུམས།
བོད་ན་གཞས་པ་གཞས་མ་ཐ་ར་ར།
གླུ་གཞས་འཐེན་ཐུག་འཐེན་འཐེན་བྱེད་ཀྱང།
འཐེན་ཐུག་སྟོབས་ཀྱིས་འཐེན་ཨ་རོགས།
ལ་ལ་ཚོས་མེད་ཀྱང་ཨ་རོགས།
ཁྱོས་གན་ནས་ག་ཟིག་བཤད་གི་ཟེར་བཞིན་ང་ལ་མ་བཤད།
རང་གཞན་པ་ཀུན་པོ་ལ་གནོད་ནས་དོན་མེད་དག་དག་མ་བྱེད།
ང་འཇིགས་འཇིགས་འདྲ་རེད།
མགོ་བོའི་ཐོག་འདི་གནམ་རེད།
ཨོ་་་་་་་་་་་ལེ་ལེ། ཨོ་་་་་་་་་་ལེ་ལེ།
ཧིན། ང་ནི་སྟག་གི་ཡན་གྱི་རྒང་ཟིག།
ང་ལ་ཤག་པོ་ལོ་མ་མེད། ང་ལ་རྣམ་འགྱུར་འདྲ་མིན་མེད།
ཉན་མི་འདོད་ལ་བཤད་ལུང་བཤད།
ངར་བསམ་ན་འདི་དང་འདི་ནས་ཐེངས་གསུམ་ལངས་གསུམ།
ཤར་ཕྱོགས་རྒྱ་མཚོ་ཀློང་ནས་ ལྡེམ་ལྡེམ་ལྡེམ།
སྐྱིད་པའི་ཉི་མ་ཤར་སོང་ལྡེམ་ལྡེམ་ལྡེམ།
ཉི་མའི་དྲོད་ཁོལ་འཛོམས་ནས་ ལྡེམ་ལྡེམ་ལྡེམ།
རྩི་ཤིང་ལོ་འདབ་རྒྱས་སོང་ ལྡེམ་ལྡེམ་ལྡེམ།
ཁ་འདི་གདངས་གདངས་མི་ཉན།
མིག་འདི་དམར་དམར་མི་ཉན། སེམས་འདི་ནག་མི་ཉན།
ཨ་རོགས་་་ཨེ་་་་ཨ་རོགས་་་ཁ་སུམས།
ཨ་རོགས་་་ཨེ་་་་ཨ་རོགས་་་ཁ་སུམས།
བོད་ན་གཞས་པ་གཞས་མ་ཐ་ར་ར།
གླུ་གཞས་འཐེན་ཐུག་འཐེན་འཐེན་བྱེད་ཀྱང།
འཐེན་ཐུག་སྟོབས་ཀྱིས་འཐེན་ཨ་རོགས།
ལ་ལ་ཚོས་མེད་ཀྱང་ཨ་རོགས།
ཁྱོད་ང་ཡི་ལམ་འདི་མ་བརྒྱུད་གོང་ལ་མཛུབ་མོ་ཀེར་ཀེར།
ཁྱོད་བྱ་ཕོ་གྲག་རྒྱུ་མང་ནས་སྒོ་ང་གཏོང་རྒྱུ་མེད་མེད།
ངའི་ཡ་ཆུང་ཁོག་ན་རྟ་ཡོད། དེས་མི་ཚད་རྟ་ལ་སྒ་ཡོད།
ང་ཅང་ཤེས་རྒྱུག་ཐེངས་གཅིག་གི་རྟ་ཁ་མ་དགོས་རྡུལ་མགོ་མི་ནོན།
ཧིན། ང་ནི་སྟག་གི་ཡན་གྱི་རྒང་ཟིག།
ང་ལ་ཤག་པོ་ལའོ་མ་མེད། ང་ལ་རྣམ་འགྱུར་འདྲ་མིན་མེད།
ཉན་མི་འདོད་ལ་བཤད་ལུང་བཤད།
ངར་བསམ་ན་འདི་དང་འདི་ནས་ཐེངས་གསུམ་ལངས་གསུམ།
ང་རང་སེང་ལྕམ་འབྲུག་མོའི་ཚ་མོ།
ལྷ་མོ་སྒྲོལ་མ་ལྷ་སྐྱིད་ཕུར་སྒྲོན་འདྲ་བོ་མིན་པའི་བུ་མོ།
ཁྱོད་ཀྱི་གཡོན་མ་མིན་གཡོག་མོ་མིན།
སུ་དང་འཕྲད་ན་ང་ནི་ང་རང་ཡིན།
དེ་རིང་འཇིག་རྟེན་འདི་ཡི་བདག་མོ་ང་རང་ཡིན།
ང་ནི་སྟག་མིན་གཟིག་མིན། ང་རང་ཁྱི་མིན་ཝ་མིན།
ང་རང་ང་ཡི་རྒྱལ་མོ།