梦回青藏 - 黎智坚措

黎智坚措

专辑:《城市藏人(CITYTIBETAN)》

更新时间:2025-04-15 23:50:48

文件格式:mp3

网盘下载

梦回青藏 - 黎智坚措 歌词

<梦回青藏>མེ་ལྕེའི་འོ་དོད།

演唱:黎智坚措UNCLEBUDDH $T/旦曲阿帝

词:嘎代才让

曲:黎智坚措UNCLEBUDDH $T/柚一旦旦

编曲:嘎代才让

编曲:旦旦

录音:魔力未来OGEN乐乐

混音:朱海

ཆུང་ཆུང་བྱིས་པའི་དུས་འཛུམ་ཆུང་ལྷུག་ལྷུག་གྲོལ།

ཆུང་ཆུང་བྱིས་པའི་དུས་སུ་འོད་ཀྱི་ཁང་པ་བཞེངས།

ཆུང་ཆུང་བྱིས་པའི་དུས་སུ་གཙང་ཆུ་ཧུབ་ཀྱིས་འཐུང་།

ཆུང་ཆུང་བྱིས་པའི་དུས་སུ་རྩྭ་ཐང་གདན་དུ་བྱས།

དེང་སང་ས་མཐའི་ཡུལ་ནས། ཨར་འདམ་དང་འཛེར་སྐད་ཀྱིས་ཁྱེད་རང་སད་པར་འཇུག་ངེས།

དེང་སང་ས་མཐའི་ཡུལ་ནས། དུག་རླངས་དང་གད་སྙིགས་ཀྱིས་ཁྱེད་རང་སད་པར་འཇུག་ངེས།

ཁོར་ཡུག་འཁྱག མི་གཤིས་བཙོག ལས་ཀ་ཟེར་བ་འདིའང་དུས་ཀྱི་ཆར་ཆུ་བཞིན།

ཚ་གྲང་གི་ན་ཟུག་འོག་ཏུ་ཟགས་པར་འགྱུར་ངེས།

འཚོ་བ་ཟེར་བ་འདིའང་སྒྱུ་མའི་རྨི་ལམ་བཞིན། སྡུག་བསྔལ་གྱི་ཀི་ཅོ་ཁྲོད་དུ་ཟགས་པར་འགྱུར་ངེས།

གོམ་འགྲོས་ཇེ་དལ་དུ་གཏོང་ཁོམ་མི་འདུག

དུས་ཚོད་ཀྱིས་ཁྱེད་རང་གཞུག་ནས་བསྐྱུར་ངེས། ཕུགས་བསམ་གྱིས་ཁྱེད་རང་གཞུག་ནས་བསྐྱུར་ངེས།

གྲོགས་པོ་ཚོས་ཁྱེད་རང་གཞུག་ནས་བསྐྱུར་ངེས། རྡུལ་ཕྲག་བྱེ་བ་ཕྲག་བརྒྱས་ཀྱང་ཁྱེད་རང་གཞུག་ནས་བསྐྱུར་ངེས།

འགྲོ་ཀུན་སྡུག་ལས་གྲོལ་འདི་མཚར།།

ས་ལ་ཆར་ཆུ་འཛོམས་འདི་སྐྱིད།།

ནོར་ལ་གོད་ཁ་མེད་འདི་བསྔགས།།

ཕ་ཡུལ་ཆུང་ཆུང་རྟག་ཏུ་མཛེས།།

ཁྱེད་ལ་ལས་ཀ་མི་འདུག ཁྱེད་ལ་ཁང་པ་མི་འདུག

ཁྱེད་ལ་མོ་ཊ་མི་འདུག ཁྱེད་ལ་ཆུང་མ་མི་འདུག

ཐ་ན་ཁྱེད་ཀྱིས་ཕ་མའི་སྐད་དང་ཡི་གེ་བརྗེད་ཚར།

ཐ་ན་ཁྱེད་ཀྱིས་ཕ་མའི་སྐད་དང་ཡི་གེ་བརྗེད་ཚར།

དོན་ལ་འབྲས་བུ་མ་བྱུང་། སུ་ལན་ནམ། སུ་ལན་ནམ།

གལ་ཏེ་གདོང་གི་མིག་ཤེལ་སར་བཞག་ན། ཁྱེད་ཀྱིས་ཅི་ཡང་མཐོང་མི་སྲིད།

གལ་ཏེ་ལག་གི་སྙུ་གུ་སར་བཞག་ན། ཁྱེད་ཀྱིས་ཅི་ཡང་འགྲུབ་མི་སྲིད།

གལ་ཏེ་མི་ཞིག་གམ་ཡང་ན་ཆར་བ་ཞིག་ལ་སྒུག་པར་བརྩམས་ཚེ།

ནམ་མཁའ་ནག་པོ་ནི་ཚེ་འདིའི་སྡུག་བསྔལ་གྱིས་གྲུབ་པའི། སྲོག་གི་ངོ་བོ་དང་ཅི་འདྲའི་མཚུངས་ཨང།

གལ་ཏེ་རྨི་ལམ་མམ་ཡང་ན་ཉལ་ས་ཞིག་ལ་སྒུག་པར་བརྩམས་ཚེ།

དབྱར་དགུན་སྟོན་དཔྱིད་ནི་ཚེ་འདིའི་སྡུག་བསྔལ་གྱིས་གྲུབ་པའི། སྲོག་གི་ངོ་བོ་དང་ཅི་འདྲའི་མཚུངས་ཨང།

བགྲོད་ལམ་ཞིག་བཙལ། ལོ་ཟླས་ང་རང་འདེད་ཀྱིན་འདུག

ཞལ་རས་ཤིག་བཙལ། ལོ་ཟླས་ང་རང་འདེད་ཀྱིན་འདུག

ཡི་གེ་ཞིག་བཙལ། ལོ་ཟླས་ང་རང་འདེད་ཀྱིན་འདུག

སྐད་གདངས་ཤིག་བཙལ། ལོ་ཟླས་ང་རང་འདེད་ཀྱིན་འདུག

ཕ་ཡུལ་ནི་མཛེས་ཤིང་སྡུག་པ་ལ་ཨང། ཕ་ཡུལ་ནི་རྒས་ཤིང་འཁོག་པ་ལ་ཨང།

ཕ་ཡུལ་གྱིས་གཙེས་ཤིང་གྲོང་ཁྱེར་གྱིས་བསྐྱུར།

ཕ་ཡུལ་གྱིས་གནམ་སྔོན་པོ་ཞིག་མེད་རབས་ཟེར། ཕ་ཡུལ་གྱིས་སྤང་གོར་མོ་ཞིག་མེད་རབས་ཟེར།

གྲོང་ཁྱེར་གྱིས་གནམ་སྔོན་པོ་ཞིག་ཡོད་རབས་ཟེར། གྲོང་ཁྱེར་གྱིས་སྤང་གོར་མོ་ཞིག་ཡོད་རབས་ཟེར།

ཅི་བྱ་གཏོལ་མེད་ཀྱིས་ལམ་དུ་ཆས། ལམ་དེ་གང་ནས་གང་དུ་གང་ལ།

འགྲོ་ཀུན་སྡུག་ལས་གྲོལ་འདི་མཚར།།

ས་ལ་ཆར་ཆུ་འཛོམས་འདི་སྐྱིད།།

ནོར་ལ་གོད་ཁ་མེད་འདི་བསྔགས།།

ཕ་ཡུལ་ཆུང་ཆུང་རྟག་ཏུ་མཛེས།།།