阿泽 - ADONG阿东&朋毛卓玛

ADONG阿东

朋毛卓玛

专辑:《阿泽》

更新时间:2025-03-18 03:51:22

文件格式:mp3

网盘下载

阿泽 - ADONG阿东&朋毛卓玛 歌词

阿泽 - ADONG阿东/朋毛卓玛

词:民间

曲:民间

རྩེད་རིག

ཚིག དམངས་ཁྲོད།

ལེན་མཁན། ཨ་དུང་དང་འཕགས་མོ་སྒྲོལ་མ།

ཚིག་སྦྱོར། ཡེ་ཤེས་འོད་ཟེར།

ཨ་རྩེ། རྫ་ཁྲ་ཡག་སྟོད་ནས་གུར་ཞིག་ཡེ།

རྩྭ་རྩི་ཏོག་གཉིས་ཀས་ཡེ།

རྩྭ་རྩི་ཏོག་གཉིས་ཀས་གདན་ཞིག་བཏིང།

རྫ་བྲེ་སེར་འབྲོང་མོ་མགྲོན་ལ་བོས། མགྲོན་ལ་བོས།

ཡར་ལོངས་ལ་འབྲོང་ཕྲུག་ཡུན་གྱིས་རྩེ། ཡུན་གྱིས་རྩེ།

རང་སྤུན་འགྲིག་ཆ་བོ་འཁོར་ར་རྩེ། འཁོར་ར་རྩེ།

ཨ་རྩེ། ཁྱིམ་གནས་ཁང་གྲུ་བཞིར་གུར་ཞིག་བཏབ།

ཕྲུག་དཀར་དམར་གཉིས་ཀྱིས་ཡེ།

ཕྲུག་དཀར་དམར་གཉིས་ཀྱིས་གདན་ཞིག་བཏིང་།

ཡུལ་ཕྱོགས་བཞིའི་མི་སྣ་མགྲོན་ལ་བོས། མགྲོན་ལ་བོས།

ཕ་ཨ་ཁུ་ཉོན་ར་ན་ཟླ་རྩེ། ན་ཟླ་རྩེ།

རང་སྤུན་འགྲིག་ཆ་བོ་འཁོར་ར་རྩེ། འཁོར་ར་རྩེ།

ཨ་རྩེ། ཁྱིམ་གནས་ཁང་གྲུ་བཞིར་གུར་ཞིག་ཡེ།

ཕྲུག་དཀར་དམར་གཉིས་ཀྱིས་ཡེ།

ཕྲུག་དཀར་དམར་གཉིས་ཀྱིས་གདན་ཞིག་བཏིང་།

ཡུལ་ཕྱོགས་བཞིའི་མི་སྣ་མགྲོན་ལ་བོས། མགྲོན་ལ་བོས།

ཕ་ཨ་ཁུ་ཉོན་ར་ན་ཟླ་རྩེ། ན་ཟླ་རྩེ།

རང་སྤུན་འགྲིག་ཆ་བོ་འཁོར་ར་རྩེ། འཁོར་ར་རྩེ།

རང་སྤུན་འགྲིག་ཆ་བོ་འཁོར་ར་རྩེ། རང་སྤུན་འགྲིག་ཆ་བོ་འཁོར་ར་རྩེ། འཁོར་ར་རྩེ།