词:叶热岗
曲:德格叶
ང་རང་མི་ལ་སྐྲག་གི
མི་འདིའི་སེམས་པར་སྐྲག་གི།
སེམས་འདི་གང་སར་འཁྱམ་འགྲོ།
གནམ་གྱི་གློག་དམར་འཁྱུག་འདྲ།
ས་ཡི་ཆུ་མོ་བཞུར་འདྲ།།
གློག་དམར་ས་རུ་འཕོས་འདྲ།
ཆུ་མོ་ཐུར་དུ་བཞུར་འདྲ།
སེམས་པ་དེ་ལྟར་ཕྱོགས་འགྲོ།
ང་རང་མི་ལ་སྐྲག་གི།
མི་འདིའི་བརྩེ་བར་སྐྲག་གི།
བརྩེ་བ་རླུང་གིས་འཁྱེར་འགྲོ།
ལ་ཁའི་དར་ལྕོག་འདྲ་ལེ།
ཞོགས་པའི་བ་མོ་འདྲ་ལེ།།
དར་ལྕོག་གང་སར་བསྐྱོད་འགྲོ།
བ་མོ་ཉི་མས་གཞོམ་འགྲོ།
བརྩེ་བ་གཞན་གྱིས་བསླུས་འགྲོ།
ང་རང་མི་ལ་སྐྲག་གི།
མི་འདིའི་སེམས་པར་སྐྲག་གི།
སེམས་འདི་གང་སར་འཁྱམ་འགྲོ།
གནམ་གྱི་གློག་དམར་འཁྱུག་འདྲ།
ང་རང་མི་ལ་སྐྲག་གི།
མི་འདིའི་བརྩེ་བར་སྐྲག་གི།
བརྩེ་བ་རླུང་གིས་འཁྱེར་འགྲོ།
ལ་ཁའི་དར་ལྕོག་འདྲ་ལེ།