阿克班玛 - 藏地之声
词:华尔贡
曲:华尔贡
女:
ཨ་ཁུ་པདྨ་ཡེ།
རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན།
ཡར་འཕུར་ན་དགུང་གི་རྒྱན་ཞིག་རེད།
ཨ་ཁུ་པདྨ་ཡེ།
མར་བབས་ན་བྲག་རིའི་སྐྱིད་ཅིག་རེད།
ཁྱོད་མེད་ན་བྲག་ཐེམས་སྟོང་བ་རེད།
ཨ་ཁུ་པདྨ་ཡེ།
ཁྱོད་མེད་ན་བྲག་ཐེམས་སྟོང་བ་རེད།
男:
ཨ་ཁུ་པདྨ་ཡེ།
བྱ་ངང་བ་གསེར་གྱི་འཕྲེང་བ་ཅན།
ཕར་སོང་ན་སྤང་གི་རྒྱན་ཞིག་རེད།
ཨ་ཁུ་པདྨ་ཡེ།
ཆུ་རྐྱལ་ན་མཚོ་མོའི་སྐྱིད་ཅིག་རེད།
ཁྱོད་མེད་ན་མཚོ་ཁ་སྟོང་བ་རེད།
ཡེ། ཨ་ཁུ་པདྨ་ཡེ།
ཡེ། རྒོད་ཐང་དཀར་དུང་གི་སྐེ་རྒྱན།
ཁྱོད་མེད་ན་བྲག་ཐེམས་སྟོང་བ།
ཡེ། ཨ་ཁུ་པདྨ་ཡེ།
ཡེ། རྒོད་ཐང་དཀར་དུང་གི་སྐེ་རྒྱན།
ཁྱོད་མེད་ན་བྲག་ཐེམས་སྟོང་བ།
女:
ཨ་ཁུ་པདྨ་ཡེ།
སྟག་ཤར་བ་དུང་གི་སོ་སྒོ་ཅན།
ཕར་སོང་ན་སྡེ་བའི་རྒྱན་ཞིག་རེད།
ཨ་ཁུ་པདྨ་ཡེ།
ཚུར་ཡོང་ན་ན་ཟླའི་སྐྱིད་ཅིག་རེད།
ཁྱེད་མེད་ན་ཡིད་སེམས་སྟོང་བ་རེད།
男:
ཡེ། ཨ་ཁུ་པདྨ་ཡེ།
ཡེ། རྒོད་ཐང་དཀར་དུང་གི་སྐེ་རྒྱན།
ཁྱོད་མེད་ན་བྲག་ཐེམས་སྟོང་བ།
ཡེ། ཨ་ཁུ་པདྨ་ཡེ།
ཡེ། སྟག་ཤར་བ་དུང་གི་སོ་སྒོ།
ཁྱེད་མེད་ན་ཡིད་སེམས་སྟོང་བ།
未经许可,不得翻唱或使用