哎玛 - 曲军

曲军

专辑:《哎玛》

更新时间:2025-04-04 09:23:18

文件格式:mp3

网盘下载

哎玛 - 曲军 歌词

哎玛 - 曲军

ཚིག ཆོས་སྐྱོང་།

དབྱངས་། ཆོས་སྐྱོང་།

རོལ་དབྱངས་སྒྲིག་བཟོ་བ། ཏན་ཏན།

སྒྲ་སྲེ་བ། ཏན་ཏན།

སྒྲ་ཕབ་ས། ཏན་ཏན། ཀ་པེད་རིག་གནས་ཁང་།

ཨེ་མ་བོད་ཀྱི་མཛེས་པ་ལ་ལན་གཅིག་གསོན་དང་།

གནམ་སྔོན་པོ། སྤྲིན་དཀར་པོ།

ཆར་ཟེགས་མ། གངས་ཁ་བ།

ཡིད་འོང་འཇའ་ཚོན་གྱི་གུར་ཁང་ཕུབ་ཅིང་ཚ་གདུག་གི་ཉི་མས་འོད་ཟེར་འཕྲོས་པ།

ཨེ་མ།

གངས་རི་རྫ་རི་སྤང་རི་ནགས་རི་དབུ་རྩེ་དགུང་ལ་ཟུགས་ཤིང་།

ལྟས་ན་ལྷུན་སྟུག་གི་འགྱིང་ཉམས་རབ་ཏུ་བརྗིད་པ།

རྫ་ཆུ་རྨ་ཆུ་འབྲི་ཆུ་ཡི་ཆུ་འགོ་པང་ནས་རྡོལ་ཞིང་།

དྭངས་བསིལ་རང་བྱུང་གི་བདུད་རྩི་ཤག་ཤག་ཏུ་བཞུར་བ།

ཡངས་པའི་རྩ་ཐང་ཆེན་མོ་རྒྱ་ཆེ་ཞིང་།

དཀར་དམར་མེ་ཏོག་གི་མཛེས་པས་རྒྱན་པ།

འཁྱིལ་བའི་མཚོ་མོ་སྣ་ཚོགས་གཏིང་ཟབ་ཅིང་།

གསེར་མིག་ཉ་མོ་ཡི་འཁྱུག་རྩལ་རྒོད་པ།

ཨེ་མ།

ཨེ་མ།

ཨེ་མ་བོད་ཀྱི་མཛེས་པ།

ཨེ་མ་བོད་ཀྱི་མཛེས་པ།

ཨེ་མ། ཨེ་མ། ཨེ་མ། ཨེ་མ།

གདོང་གི་འཛུམ། དགོད་པའི་སྒྲ། སྤྲོ་བའི་སེམས། དཔའ་བོའི་སྙིང་། བརྟན་པོའི་ཚུགས།

རྫིག་པོའི་འགྱིང་། སྤོབས་པའི་གདིང་། སྒམ་པོའི་བློ། དྲང་པོའི་གཤིས། མཛེས་པའི་ཉམས།

སྒེག་པའི་གཟུགས་འདི་དག་ནི་མ་བཅོས་ལྷན་སྐྱེས་ཀྱི་ཚུལ་དུ་ཆུང་ནས་མངའ་བ་ཡིན།

རེད་ཡ

ཞལ་ནས་གཟུངས་སྔགས་སྣ་ཚོགས་ཀྱི་སྒྲ་དབྱངས་གྱེར་བཞིན།

ཕྱག་ན་ཕྲེང་བ་དང་ལག་འཁོར་ཐོག་པ།

སེམས་ནས་བྱམས་དང་སྙིང་རྗེ་ཡི་དྲོད་ཁུལ་འབར་ཞིང་།

འཚེ་མེད་སྤྱོད་པ་ལ་རབ་ཏུ་དགའ་བ།

ལག་གི་ཁ་དར་དཀར་པོ་དེའི་སེམས་པ་མཚོན་ཞིང་།

བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་ཞུ་བ།

གཟིགས་དང་།

མི་ཡག་པོ་བཙན་པོ་ཚང་གི་རྒྱུད་རེད།

མཁར་བརྗིད་པོ་ཕོ་བྲང་པོ་ཏ་ལ་རེད།

ཡུལ་མཛེས་པོ་སྒང་པ་བོད་ཀྱི་ས་རེད།

ཟས་ཞིམ་པོ་སྦྲང་དཀར་རྩམ་པའི་བཅུད་རེད།

མི་ཡག་པོ་བཙན་པོ་ཚང་གི་རྒྱུད་རེད།

མཁར་བརྗིད་པོ་ཕོ་བྲང་པོ་ཏ་ལ་རེད།

ཡུལ་མཛེས་པོ་སྒང་པ་བོད་ཀྱི་ས་རེད།

ཟས་ཞིམ་པོ་སྦྲང་དཀར་རྩམ་པའི་བཅུད་རེད།

ད་དུང་དེ་ཡི་ག་ལ་ཚད།

རི་ལུང་ཐང་གསུམ་ནས་རྟ་ཕོའི་འཚེར་སྒྲ། གཡང་དཀར་འབའ་སྒྲ། ནོར་གནག་ངུར་སྒྲ།

རི་སྐྱེེས་སྲོག་ཆགས་སྣ་ཚོགས་གང་སར་དུ་ཡན་པ་མ་ཟད། སྙན་མོའི་གླུ། བདེ་མོའི་གར།

རི་མོའི་རྩལ། རིག་པའི་གཞུང་། བཟོ་སྐྲུན་གྱི་སྒྱུ་རྩལ་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཅན་གྱི་མི་རིགས་ཤིག

དར་རྒུད་ཀྱི་རི་མོ་སྣ་ཚོགས་བྲིས་ནས་ཡོང་བའི་ལང་ཚོ་ཡི་གསོན་ཤུགས་ཅན་དེ་ནི་མཐོ་སྒང་གི་བོད་ཀྱི་མཛེས་པ་རེད།