生命的慧灯 - 南江秋措

南江秋措

专辑:《生命的慧灯》

更新时间:2025-04-14 03:14:06

文件格式:mp3

网盘下载

生命的慧灯 - 南江秋措 歌词

生命的慧灯 - 南江秋措

词:周拉加

曲:格杰白玛

ང་ཡི་མེས་པོའི་རུས་རྐང་འཛུམ་བའི་གསེར་གྱི་མར་ཁུ།།

མཐོན་པོ་གངས་རི་ཁྲོད་དུ་སྒྲོན་པའི་གསེར་གྱི་མར་མེ།།

ཨོ། དབྱངས་གསལ་སོ་བཞི།

ངའི་རྣམ་ཤེས་ཀྱི་མཁའ་དབྱིངས་ལ་འོད་ཀྱིས་འཚེར་བྱུང་།།

ངའི་བླ་སོག་གི་གཏིང་རིམ་ལ་དྲོད་ཀྱིས་གསལ་བྱུང་།།

ཨོ། དབྱངས་གསལ་སོ་བཞི།

ང་བོད་པའི་སྒལ་ཚིགས་སྦྲེལ་བྱེད་ཀྱི་རྡོ་རྗེ་མདུད་པ།།

ང་བོད་པའི་མགོ་བོ་དགྱེ་བྱེད་ཀྱི་བློ་རྩ་བརྟན་པོ།།

ང་བོད་པའི་འཇིག་རྟེན་མཐོང་བྱེད་ཀྱི་མིག་དབང་རྣོན་པོ།།

ཨོ། དབྱངས་གསལ་སོ་བཞི། ངའི་བླ་སྲོག་གི་སྒྲོན་མེ།

ཨོ། དབྱངས་གསལ་སོ་བཞི། ང་ཡི་བླ་སྲོག།

ཨོ། དབྱངས་གསལ་སོ་བཞི། ང་ཡི་བླ་སྲོག།

ང་ཡི་བླ་སྲོག་ཡིན།།

ང་ཡི་སེམས་ཀྱི་ཡོལ་གོ་རུ་བླུགས་པའི་གསེར་གྱི་མར་ཁུ།།

གློ་སྙིང་མཆིན་གསུམ་དུ་སྒྲོན་པའི་གསེར་གྱི་མར་མེ།།

ཨོ། དབྱངས་གསལ་སོ་བཞི།

ངའི་རྨོངས་མུན་གྱི་ཞིང་ཁམས་སུ་འོད་ཀྱིས་མངོན་བྱུང་།།

ངའི་གྲང་འཁྱག་གི་འཇིག་རྟེན་ལ་དྲོད་ཀྱིས་བབས་བྱུང་།།

ཨོ། དབྱངས་གསལ་སོ་བཞི།

ང་བོད་པའི་ཁྱིམ་གཞིས་འཛིན་བྱེད་ཀྱི་མཐིང་སྨུག་སྦྲ་ཆུང་།།

ང་བོད་པའི་རིག་སྟོབས་འཕེལ་བྱེད་ཀྱི་མར་རྩམ་སྣུམ་མོ།།

ང་བོད་པའི་རིགས་རྒྱུད་སྤེལ་བྱེད་ཀྱི་ཁུ་ཁྲག་དྭངས་མོ།།

ཨོ། དབྱངས་གསལ་སོ་བཞི། ངའི་བླ་སྲོག་གི་སྒྲོན་མེ།