我的胆小 - 索南昂秀&索南多杰

索南昂秀

索南多杰

专辑:《我的胆小》

更新时间:2025-05-18 01:18:26

文件格式:flac

网盘下载

我的胆小 - 索南昂秀&索南多杰 歌词

我的胆小 - 索南昂秀/索南多杰

词:择永

曲:索南多杰

原唱 :索南多杰/索南昂秀

音乐宣传:谢旦贴吧工作室

༡. སྟོན་བདུན་པའི་ནམ་མཁའ་དྭངས་ཟེར།།

ཚེས་བཅོ་ལྔའི་ཟླ་གཞོན་གསལ་ཟེར།།

ང་གསལ་དང་དྭངས་ལ་མཚར་ས།།

ཁྱོའི་ཞལ་རས་དུང་ཟླ་འདྲ་བོ།།

སྤྲིན་ནག་པོས་སྒྲིབ་པ་མེད་པར།།

དུས་ནམ་ཡང་གསལ་ནས་བསྡད་ན།།

སེམས་ནང་གི་དྲོད་ཁོལ་ཁྱོད་ཡིན།།

མིག་ནང་གི་འོད་གོར་ཁྱོད་ཡིན།།

དབྱར་དྲུག་པའི་སྤང་ཐང་སྐྱིད་ཟེར།།

དེའི་པང་གི་མེ་ཏོག་ཡག་ཟེར།།

ང་སྐྱིད་དང་ཡག་ལ་ཆགས་ས།།

ཁྱོའི་འཛུམ་མདངས་མེ་ཏོག་འདྲ་བོ།།

སད་སེར་བས་བར་ཆད་མེད་པར།།

དུས་ནམ་ཡང་བཞད་ནས་བསྡད་ན།།

སེམས་ནང་གི་དྲོད་ཁོལ་ཁྱོད་ཡིན།།

མིག་ནང་གི་འོད་གོར་ཁྱོད་ཡིན།།

དཔྱིད་གསུམ་པའི་སྦྲང་ཆར་འཇམ་ཟེར།།

དེས་བརླན་པའི་ས་གཞི་གཙང་ཟེར།།

ང་འཇམ་དང་གཙང་ལ་སྨོན་ས།།

ཁྱོའི་ངང་རྒྱུད་ས་གཞི་འདྲ་བོ།།

གྲང་རེག་གིས་གནོད་འཚེ་མེད་པར།།

དུས་ནམ་ཡང་ནེམ་ནས་བསྡད་ན།།

སེམས་ནང་གི་དྲོད་ཁོལ་ཁྱོད་ཡིན།།

མིག་ནང་གི་འོད་གོར་ཁྱོད་ཡིན།།