欢聚 - 欧智卓玛

欧智卓玛

专辑:《欢聚》

更新时间:2025-03-19 02:27:39

文件格式:mp3

网盘下载

欢聚 - 欧智卓玛 歌词

欢聚 - 欧智卓玛

词:魅修瓦

曲:冷智布

(未经许可,不得翻唱或使用)

འཛོམས་པ་འཛོམས་པོ།

གཞས་ཚིག མུག་བྱོལ་བ།

གཞས་དབྱངས། ལྷུན་འགྲུབ།

གཞས་མ། དངོས་གྲུབ་སྒྲོལ་མ།

ཡེ་་་།

སྟོད་ཕྱོགས་འབྲོག་གི་རྟ་ཕོ་མགོ་རྣ་འཛོམས།།

སྨད་ཕྱོགས་རོང་གི་སྒ་ཆའི་ལྷུ་ལག་འཛོམས།།

བར་གྱི་རྟ་ལྕག་ཕྲ་མོའི་མིག་དགུ་འཛོམས།།

འཛོམས་པ་འཛོམས་པོ་གསུམ་གྱི་རྒྱན་སྟེང་ནས།།

གངས་ཅན་བོད་ལ་དུང་བ་ཧ་ཅང་ཟབ།།

ཞང་ཡག་མོ་ལ་ཡེ།

གངས་ཅན་བོད་ལ་དུང་བ་ཧ་ཅང་ཟབ།།

ཡེ་་་།

མངའ་རིས་ཡུལ་གྱི་འབྲོང་རྭའི་སྒྲ་སྙན་སྙན།།

དབུས་གཙང་ཡུལ་གྱི་བྲོ་རའི་བྲོ་གཞས་སྙན།།

མདོ་ཁམས་ཡུལ་གྱི་གླུ་བའི་གླུ་སྐད་སྙན།།

སྙན་པ་སྙན་པོ་གསུམ་གྱི་འགྱུར་ཁུགས་ཁྲོད།།

གངས་ཅན་བོད་ཀྱི་དབྱངས་རྟར་དུང་བ་ཟབ།།

ཞང་ཡག་མོ་ལ་ཡེ།

གངས་ཅན་བོད་ཀྱི་དབྱངས་རྟར་དུང་བ་ཟབ།།

ཡེ་་་།

ལྷ་སའི་བུ་མོས་སྡེབ་པའི་མངར་ཇ་ཞིམ།།

ཁམས་པའི་བུ་མོས་དཀྲུགས་པའི་མར་ཇ་ཞིམ།།

ཨ་མདོའི་བུ་མོས་བསྐོལ་བའི་འོ་ཇ་ཞིམ།།

ཞིམ་པ་ཞིམ་པོ་གསུམ་གྱི་མངར་ཁ་ནས།།

གངས་ཅན་བོད་ཀྱི་འཚོ་བར་དུང་བ་ཟབ།།

ཞང་ཡག་མོ་ལ་ཡེ།

གངས་བོད་ཀྱི་འཚོ་བར་དུང་བ་ཟབ།།

ཞང་ཡག་མོ་ལ་ཡེ།

གངས་བོད་ཀྱི་འཚོ་བར་དུང་བ་ཟབ།།