修道天界 - 嘉华
词:多布登加
曲:三智才让
ལྷ་ཁང་གསེར་ཁང་བཞེངས་འདྲ།
ལྷ་ཚོགས་སྐར་ཚོགས་ཤར་འདྲ།
གསེར་གྱི་མཆོད་ཀོང་ལ། དངུལ་གྱི་ཁ་དཀྲིས་ཡག
དུང་གི་ཀ་བ་ལ།
གཡུ་ཡི་ཁྲ་རྒྱན་ཡག
ལྷ་ཁང་སེར་བོ་བྱིན་རླབས་ཅན།
གཡས་སྐོར་ལ་ནི་ལན་གསུམ་བརྒྱབ།
ཆོས་འཁོར་བསྐོར།
མ་ཎི་བགྲངས།
ཆོས་དཀར་བོའི་ཞིང་འདི་ཨེ་མ་ཧོ།
ཆོས་འཁོར་བསྐོར།
མ་ཎི་བགྲངས།
ཆོས་དཀར་བོའི་ཞིང་འདི་ཨེ་མ་ཧོ།
༗རོལ་དབྱངས༗
ལྷ་ཁང་དངུལ་ཁང་བཞེངས་འདྲ།
ལྷ་ཚོགས་མི་ཚོགས་འདུས་འདྲ།
དངུལ་གྱི་སྒོ་མོ་ལ། གསེར་གྱི་སྒོ་ལུང་ཡག
དུང་གི་ཐེམ་པ་ལ།
ཟངས་ཀྱི་རི་མོ་ཡག
ལྷ་ཁང་དཀར་བོ་བྱིན་རླབས་ཅན།
གཡས་སྐོར་ལ་ནི་ལན་གསུམ་བརྒྱབ།
གསོལ་བ་བཏབས།
སྐྱབས་འཇུག་ཞུས།
ཆོས་དཀར་པོའི་ཞིང་འདི་ཨེ་མ་ཧོ།
གསོལ་བ་བཏབས།
སྐྱབས་འཇུག་ཞུས།
ཆོས་དཀར་པོའི་ཞིང་འདི་ཨེ་མ་ཧོ།
༗ རོལ་དབྱངས༗
ལྷ་ཁང་གསེར་ཁང་བཞེངས་འདྲ།
ལྷ་ཚོགས་སྐར་ཚོགས་ཤར་འདྲ།
གསེར་གྱི་མཆོད་ཀོང་ལ། དངུལ་གྱི་ཁ་དཀྲིས་ཡག
དུང་གི་ཀ་བ་ལ།
གཡུ་ཡི་ཁྲ་རྒྱན་ཡག
ལྷ་ཁང་སེར་བོ་བྱིན་རླབས་ཅན།
གཡས་སྐོར་ལ་ནི་ལན་གསུམ་བརྒྱབ།
ཆོས་འཁོར་བསྐོར།
མ་ཎི་བགྲངས།
ཆོས་དཀར་བོའི་ཞིང་འདི་ཨེ་མ་ཧོ།
ཆོས་འཁོར་བསྐོར།
མ་ཎི་བགྲངས།
ཆོས་དཀར་བོའི་ཞིང་འདི་ཨེ་མ་ཧོ།