相思之人 - 周毛卡
ཚིག གངས་དཔལ་གྱིས་བརྩམས།
དབྱངས། བྱམས་པ་ཚེ་རིང་གིས་བརྩམས།
རོལ་མོ་སྒྲིག་བཟོ། ཤེར་བྷ།
ལོ་ཙཱ། བློ་བཟང་ཆོས་འཕེལ།
སྒྲ་ལེན་དུས་འཇུག རིན་ཆེན་དོན་འགྲུབ།
བརྙན་ཕབ་དང་སྒྲིག་སྦྱོར། ཨ་མཆོག
བརྙན་རིས་ཚོན་སྒྱུར་བ། ཨ་མཆོག
མཛེས་སྤྲས་མཁན། ཀླུ་མོ།
སྔོན་ཀྱི་ལས་ལ་མཐུན་པའི། །
ཆུང་འགྲོགས་གཡུ་ཆུང་དྲུག་དཀར། །
ཚེ་ཡི་དར་ལ་བརྒྱུས་པས། །
སྐྱེ་བ་འདི་ལ་རྙེད་བྱུང་། །
དེ་ནི་ཆུ་མོའི་གཞུང་ལ། །
གསེར་གྱི་ཉ་མོར་སྐྱེས་འདུག།
དེ་ལ་གཅེས་པའི་མིག་ཆུ། །
ཆུ་མོའི་གཞུང་ལ་འཐོར་སོང་། །
ཚིག་རྟིང་མནའ་ཡིས་མདུད་པའི། །
ཞེ་འདང་རུམ་པའི་ཆུང་འདྲིས། །
ལས་ཀྱི་སྨོན་ལམ་བཞག་པས། །
བསྐལ་བའི་རིང་ལ་མཐོང་བྱུང་། །
དེ་ནི་ནམ་མཁའི་ངོས་ལ། །
དགུང་གི་སྐར་མས་སྐྱེས་འདུག།
དེ་ལ་དུངས་པའི་གཞས་ཤིག།
སྤྲིན་གྱི་འདབ་མར་བཅོལ་ཡོད།།
བསྐལ་བའི་དཔེ་ལ་བཞག་པའི། །
དམ་བཅའ་བྲག་ལ་འགྱུར་ཤོག།
སྲིད་པའི་སྒྲུང་ལ་བྲིས་པའི། །
ཞེ་འདང་མཚོ་ལ་འཁྱིལ་ཤོག།
ང་ནི་སྐྱེ་བ་སྔོན་མར། །
སྨོན་ལམ་ཡང་ཡང་བཏབ་པའི། །
ལས་འཕྲོའི་རི་མོ་ཁུར་བའི། །
ཕྱེ་ལེབ་ཁྲ་ཁྲ་དེ་ཡིན།།