天作之合 - 欧智卓玛/达热吉
词:唯曲
曲:岗贡加
音乐宣传:谢旦贴吧工作室
欧:
ཨ་འགྲིག་ཆ་འགྲིག་བརྩེ་བ་ཡང་འགྲིག་བུ་དང་བུ་མོའི་སྣང་བ་རེད།།
རང་འགྲིག་རི་མོ་རིན་ཆེན་གསེར་གྱི་དྭངས་རྩེ་རེད།།
达:
ཨ་འགྲིག་ཆ་འགྲིག་སྐྱེས་གཟུགས་ཡང་འགྲིག་བུ་དང་བུ་མོའི་ལང་ཚོ་རེད།།
རང་འགྲིག་རི་མོ་རིན་ཆེན་ཐོད་པའི་ཁ་ཡིག་རེད།།
欧:
གཡས་ཀྱི་སྟག་ཤར་ཁྲོམ་པ་བྱ་རྒྱལ་ཁྱུང་ཆེན་རེད།།
达:
གཡོན་གྱི་སྨན་ཤར་ཤོམ་པ་རྨ་བྱ་སྒྲོ་ཡག་རེད།།
欧:
སྟག་ཤར་དགུང་གི་ཉི་མ།།
སྨན་ཤར་དུང་གི་ཟླ་བ།།
达:
བརྩེ་བ་གསེར་ཞུན་ཤན་མ།།
དུངས་བ་དངུལ་ཆུ་བྲིས་མ།།
ཉིས་ཡ།
合:
གཞོན་པའི་བསོད་ནམས་ཆ་འགྲིག་རེད།།
达:
གཡང་དཀར་འཚོས་ནས་ཚར་དཀར་གྱོན་ནས་གོམ་ཆུང་བདེ་མོ་གཅིག་གཉིས་གསུམ།།
འཆོར་སྒེག་ལྡེམ་མེ་ཟུར་མིག་མདའ་མོ་བཞི་ལྔ་དྲུག
欧:
རྐྱང་དཀར་ཞོན་ནས་ཀི་བསོ་འཐེན་ནས་གྱི་ལིང་རྨིག་སྒྲ་གཅིག་རེ་གཉིས།
ངག་སྒོ་ལྷང་སེ་གར་སྟབས་ལྡེམ་མེ་གསུམ་རེ་བཞི།།
达:
གཡས་ཀྱི་སྟག་ཤར་ཁྲོམ་པ་ནོར་བུ་ཆ་བདུན་རེད།།
欧:
གཡོན་གྱི་སྨན་ཤར་ཤོམ་པ་སྐར་མ་སྨིན་དྲུག་རེད།།
达:
ཁྱོད་ནི་ཕ་བཟང་བུ་ཆུང་།།
གན་ནི་ཞགན་ནི་ཞང་བཟང་ཚ་མོ།།
欧:
ན་ཟླ་སོ་མཉམ་རང་འགྲིག།
ལང་ཚོ་དར་སྐུད་ཡང་འགྲིག།
达/欧:
གཉིས་ཡ།
合:
གཞོན་པའི་སྐལ་བ་ཆ་འགྲིག་རེད།།
合:
གཡས་སྐོར་ཕྲ་མོ་སྐྱེས་གསུམ་རྒྱབ་ནས་ཨ་ལོང་ལ་མོ་སྙན་སེ་སྙན།།
གཡོན་སྐོར་བདེ་མོ་ཡང་ལོང་ཁྲོམ་པར་ལྷང་སེ་ལྷང་།།
སྟངས་སྟབས་ཕྲ་མོ་གོམ་གསུམ་སྤས་ནས་འཆོར་སྒེག་ལང་ཚོ་ལྡེམ་སེ་ལྡེམ།།
རྡོག་གསུམ་གོམ་པ་ཡངས་མོའི་ཐང་ནས་ཐག་སེ་ཐག།
གཡས་ཀྱི་སྟག་ཤར་ཁྲོམ་པ་སེང་ཆེན་ནོར་བུ་རེད།།
གཡོན་གྱི་སྨན་ཤར་ཤོམ་པ་སེང་ལྕམ་འབྲུག་མོ་རེད།།
སྟག་ཤར་སྐྱེས་ཡག་སྟོབས་ལྡན།།
སྨན་ཤར་མེ་ཏོག་སྨིན་ཡག།
གཡས་ཁྱིམ་ཟུར་མིག་ཁྲ་ལེ།།
གཡོན་ཁྱིམ་ཞལ་འཛུམ་གྱི་ལེ།།
欧/达:
གཉིས་ཡ།
གཞོན་པའི་སྣང་བ་ཆ་འགྲིག་རེད།