སེམས་ཀྱི་བསྟོད་གླུ་ - 曲尼
词:曲尼
曲:JC端知
音乐制作人:JC端知
录音:白罗
ཧུའུ
ཧུའུ
ནམ་མཁའི་སྟེང་གི་སྤྲིན་དཀར་ལ་ཚོམ་བུ་
རྩ་ཐང་སྟེང་གི་སྤང་རྒྱན་ལ་མེ་ཏོག་
དེ་ཚོ་ཚང་མ་ང་ཡི་སེམས་ཀྱི་མཚོན་བྱེད་ཁྱེད་ལ་འཕུལ་བའི་ལག་རྟགས་
མཐའ་བཞི་གངས་རི་བསྐོར་བའི་ལ་ས་ཆ
གཡུ་དང་འདྲ་བའི་མཚོ་མོ་ལ་མང་བ་
དེ་ཚོ་ཚང་མ་ང་ཡི་ཁྱེད་ལ་བཤམས་པའི་སྟོན་མོ་མཚར་སྡུག་ལྡན་ཤོད་ཡིན་
བོད་ཁ་བ་ཅན་གྱི་ཞིང་ཁམས་
ངེད་མཚར་ལོངས་ཡོང་སའི་ཕ་ཡུལ་
མཐའ་ཚང་མ་གངས་རིས་བསྐོར་བའི་
གནས་མཆོག་ལྷ་ཡུལ་ལྟ་བུའི་ས་ཆ་
མཐའ་ཡས་ཀྱི་རྩ་ཐང་ཡངས་པོ་
གཏིང་ཟབ་པའི་རྒྱ་མཚོ་ཆེན་པོ་
ཁ་བ་དཀར་པོའི་དྭངས་གཙང་ལྷད་མེད་དེ་ང་ཚོ་ཡོངས་ཀྱི་རྒྱུད་ལ་ཆགས་ཕྱིན་
ཁྱེད་ལ་འཕུལ་
དཀར་གཙང་གི་མཇལ་དར་ཁྱེད་ལ་འཕུལ་
གླུ་དེ་བླངས་
ཁྱེད་ཕྱོགས་ལ་དགའ་བའི་གླུ་དེ་བླངས
བུ་ང་རའི་སྐྱེས་སའི་ཕ་ཡུལ་དང་
ཕྱི་ལོག་དུ་ཡོད་དུས་དྲན་སའི་ས་ཆ་
དེས་མ་ཟད་མི་ཚེ་དེའི་ནང་ལ་རེ་སྨོན་བྱེད་སའི་ས་ལའི་སྨན་ལྗོངས་
ས་ཆ་དེ་ནི་ འཛམ་གླིང་གི་ཡང་རྩེ་
ས་ཆ་དེ་ནི་ ང་ཡི་ཕ་ཡུལ་
ས་ཆ་དེ་ནི་ ང་ཚོ་ཡོངས་ཀྱི་
མཚར་ས་རེད་
གནས་ས་རེད་
ཕྱོགས་ས་རེད་
ས་ཆ་དེ་ནི་ འཛམ་གླིང་གི་ཡང་རྩེ་
ས་ཆ་དེ་ནི་ ང་ཡི་ཕ་ཡུལ་
ས་ཆ་དེ་ནི་ ང་ཚོ་ཡོངས་ཀྱི་
སྐྱིད་ཤོད་རེད་
དགའ་ཤོད་རེད་
སྤྲོ་ཤོད་རེད་
ཧུའུ
ཧུའུ
ནམ་མཁའི་སྟེང་གི་སྤྲིན་དཀར་ལ་ཚོམ་བུ
རྩ་ཐང་སྟེང་གི་སྤང་རྒྱན་ལ་མེ་ཏོག་
དེ་ཚོ་ཚང་མ་ང་ཡི་སེམས་ཀྱི་མཚོན་བྱེད་ཁྱེད་ལ་འཕུལ་བའི་ལག་རྟགས་
མཐའ་བཞི་གངས་རི་བསྐོར་བའི་ལ་ས་ཆ་
གཡུ་དང་འདྲ་བའི་མཚོ་མོ་ལ་མང་བ་
དེ་ཚོ་ཚང་མ་ང་ཡི་ཁྱེད་ལ་བཤམས་པའི་སྟོན་མོ་མཚར་སྡུག་ལྡན་ཤོད་ཡིན་
ས་ཕྱོགས་དེ་ག་པར་ཕྱིན་ནས།
ཡུལ་སྐྱིད་པོ་གང་དུ་སླེབས་ནས།
དུས་ནམ་ཡང་དྲན་བྱས་བསྡད་ཡ་དེ་
ཁ་བ་ཅན་གྱི་ཞིང་ཁམས་རང་ཡིན།
ངའི་རེ་བ་ཡོད་ཚད་དེ་ཁྱེད་ཕྱོགས་ལ་བསྟོད་པའི་གླུ་ཞིག་ལེན་བྱས།
དྲོ་འཇམ་གྱི་ཉི་འོད་དེ་ནམ་ཡང་ཁྱེད་ལ་འཕྲོ་བའི་སྨོན་ལམ།
ཁྱེད་ལ་འཕུལ།
དཀར་གཙང་གི་མཇལ་དར་དེ་ཁྱེད་ལ་འཕུལ།
གླུ་འདི་བླངས།
ཁྱེད་ཕྱོགས་ལ་དགའ་བའི་གླུ་འདི་བླངས།
བུ་ང་རའི་སྐྱེས་སའི་ཕ་ཡུལ་དང་ཕྱི་ལོག་ཏུ་ཡོད་དུས་དྲན་སའི་ས་ཆ།
དེ་མ་ཟད་མི་ཚེ་འདིའི་ནང་ལ་རེ་སྨོན་བྱེད་སའི་སཱ་ལའི་སྨན་ལྗོངས།
ས་ཆ་དེ་ནི་ འཛམ་གླིང་གི་ཡང་རྩེ་
ས་ཆ་དེ་ནི་ ང་ཡི་ཕ་ཡུལ་
ས་ཆ་དེ་ནི་ ང་ཚོ་ཡོངས་ཀྱི་
མཚར་ས་རེད་
གནས་ས་རེད་
ཕྱོགས་ས་རེད་
ས་ཆ་དེ་ནི་ འཛམ་གླིང་གི་ཡང་རྩེ་
ས་ཆ་དེ་ནི་ ང་ཡི་ཕ་ཡུལ་
ས་ཆ་དེ་ནི་ ང་ཚོ་ཡོངས་ཀྱི་
སྐྱིད་ཤོད་རེད་
དགའ་ཤོད་རེད་
སྤྲོ་ཤོད་རེད་