རླུང་མ་གཡུགས། - 尕太加
词:尕太加
曲:尕太加
编曲:尕太加
Hook:美朵
Rap:尕太加
和声:仁增太/尖参
翻译:索巴/多巴
ངམ་ནག་གི་སྤྲིན་པ་བར་སྣང་འགེངས་ལ་ཉེ།
ང་ལམ་གྱི་བཞི་མདོའི་བར་མཚམས་ན།
བཅོ་བརྒྱད་ཀྱི་བུ་མོ་གཉེན་བསྒྲིགས་ནས་མི་ཚད་ཐོར་ཟིན།
ང་ད་རུང་ལམ་གྱི་བཞི་མདོ་ན།
མིག་ནི་ནག་པོ། སེམས་ནི་དམར་པོ།
མིག་ནི་དམར་པོ། སེམས་ནི་ནག་པོ།
འཁོར་བ་ཁབ་ཀྱི་རྩེ་མོ་འདི་ན་མི་སེམས་ཁྱ་ཁྱ་མ་ཁྱ།
སྡུག་གི་རྔ་མ་དྭངས་རྒྱུ་མེད་ནས་ཁ་ཡིག་སྐོར་ལོག་མ་ལོག།
ངན་ན་ངན་ལན་མེད་ནས། བཟང་ལ་བཟང་ལན་མེད་ནས།
ཁྱི་དང་ཝ་ཡི་རྒྱ་སྲང་བཀང་ན་རི་བོང་ཆུང་ཆུང་སྙིང་རྗེ།
ཝ་ཡི་ཞྭ་གོན། ཁྱི་ཡིས་རྟ་ཁྲིད། མོ་པ་ཕག་མགོ་ལས་ངན།
རྫིང་བུའི་ནང་གི་གཟུགས་ལ་ལྟ་བའི་ཞི་ལ་འདི་ཡང་སྙིང་རྗེ།
རྨི་ལམ་མངོན་སུམ་དུ་འཁྲུལ་བའི་མི་བུ་ར་ལོ་ཨ་མཚར་ཅན་པོ།
ཨ་ཁུ་སྨན་བླས་སྐྱོ་གར་འཁྲབ་ན་དགའ་བསུ་ཐག་ཐག་བྱེད་ག།
རླུང་མ་གཡུགས། རླུང་མ་གཡུགས།
རླུང་གཡུག་དུས་གད་སྙིགས་འཕུར་གི།
ང་ཁ་ཕྱོགས་འདི་ཕྱོགས་མེད་གི།
ང་སྐྲག་རྒྱུ་འཇིགས་རྒྱུ་ཡོང་གི།
རླུང་མ་གཡུགས། རླུང་མ་གཡུགས།
དངོས་རྫུན་གྱི་དབྱེ་བ་མེད་འགྱོ།
ཕ་སྐད་ཀྱི་རང་མདངས་ཉམས་འགྱོ།
འདུ་ཤེས་ཀྱི་སྤྲིན་ཕུང་འཐོར་འགྱོ།
རླུང་གཡུགས་རླུང་གཡུགས།
རླུང་གཡུག་དུས་དཀར་ནག་ལྡོག་འགྱོ།
ཁྱི་སྤྱང་ཀི་དབྱེ་བ་ནོག་འགྱོ།
དུས་སྙིགས་མའི་དུག་རླངས་འཐིབ་འགྱོ།
རླུང་གཡུགས། རླུང་གཡུགས།
སྲོལ་བཟང་པོ་རྡུལ་གྱིས་མནན་འགྱོ།
རྨུ་ཐག་གི་སྣེ་མོ་བོར་འགྱོ།
ཇོ་རུ་ཡི་མདའ་མོ་འཁྱོག་འགྱོ།
ངམ་ནག་གི་སྤྲིན་པ་བར་སྣང་འགེངས་ལ་ཉེ།
ང་ལམ་གྱི་བཞི་མདོའི་བར་མཚམས་ན།
བཅོ་བརྒྱད་ཀྱི་བུ་མོ་གཉེན་བསྒྲིགས་ནས་མི་ཚད་ཐོར་ཟིན།
ང་ད་རུང་ལམ་གྱི་བཞི་མདོ་ན།
མིག་ནི་ནག་པོ། སེམས་ནི་དམར་པོ།
མིག་ནི་དམར་པོ། སེམས་ནི་ནག་པོ།
དགའ་བའི་གླུ་དབྱངས་ལེན། དགའ་བསུ་ཐག་ཐག།
སྐྱིད་པའི་བྲོ་གར་འཁྲབ། གོམ་སྒྲ་ཐྲིག་ཐྲིག།
དུས་ཚོད་ཐག་ཐག། འཚོ་བ་ཐ་ཐ་ཐ་ར་མ་རེད།
སྒྱིད་པའི་བར་ན་བཀུག་རྒྱུ་མེད་ནོ་འཚོ་བར་བཅིངས་་པའི་རྣམ་འགྱུར།
འདི་བལ་གྱི་འཇམ་ཡིན། དྲང་མོ་མདའ་ཡིན།
སྤྲེའུ་བྱང་ཆུབ། བྲག་གི་སྲས་མོའི་བུ་དང་བུ་མོ་ཨེ་རེད།
སྐེད་པ་དགྱེ་དགྱེ། སྒྱིད་པ་ལྷེམ་ལྷེམ། ཉམས་ཟིག་ཡོད་ནོ་ད་ལྟའི་དུས་ཀྱི་མི་རེད། མི་ཨི་རེད་མ་རེད། རེད་ཡ་མི་རེད།
རླུང་མ་གཡུགས། རླུང་མ་གཡུགས།
རླུང་གཡུག་དུས་གད་སྙིགས་འཕུར་གི།
ང་ཁ་ཕྱོགས་འདི་ཕྱོགས་མེད་གི།
ང་སྐྲག་རྒྱུ་འཇིགས་རྒྱུ་ཡོང་གི།
རླུང་མ་གཡུགས། རླུང་མ་གཡུགས།
དངོས་རྫུན་གྱི་དབྱེ་བ་མེད་འགྱོ།
ཕ་སྐད་ཀྱི་རང་མདངས་ཉམས་འགྱོ།
འདུ་ཤེས་ཀྱི་སྤྲིན་ཕུང་འཐོར་འགྱོ།
རླུང་གཡུགས་རླུང་གཡུགས།
རླུང་གཡུག་དུས་དཀར་ནག་ལྡོག་འགྱོ།
ཁྱི་སྤྱང་ཀི་དབྱེ་བ་ནོག་འགྱོ།
དུས་སྙིགས་མའི་དུག་རླངས་འཐིབ་འགྱོ།
རླུང་གཡུགས། རླུང་གཡུགས།
སྲོལ་བཟང་པོ་རྡུལ་གྱིས་མནན་འགྱོ།
རྨུ་ཐག་གི་སྣེ་མོ་བོར་འགྱོ།
ཇོ་རུ་ཡི་མདའ་མོ་འཁྱོག་འགྱོ།