梦 - 洛桑扎西
词:民间
曲:才让东珠
音乐宣传:谢旦贴吧工作室
ངའི་མདང་གསུམ་ཉལ་བའི་རྨི་ལམ་ནང་།།
རྗེ་མུ་མེད་ཡེ་ཤེས་མཚོ་མོ་རྨིས།།
ཕྱག་དྲོན་མོ་མགོ་ལ་བཞག་པ་རྨིས།།
ངའི་དྲིན་ཆེན་རྩ་བའི་བླ་མ་མཁྱེན།།
ངའི་མདང་གསུམ་ཉལ་བའི་རྨི་ལམ་ནང་།།
རྗེ་མུ་མེད་ཡེ་ཤེས་མཚོ་མོ་རྨིས།།
ཆོས་ཟབ་མོ་བདག་ལ་གསུང་བ་རྨིས།།
སེམས་སྐྱིད་པོའི་རྨི་ལམ་དེ་འདྲ་རྨིས།།
ངའི་མདང་གསུམ་ཉལ་བའི་རྨི་ལམ་ནང་།།
རྗེ་མུ་མེད་ཡེ་ཤེས་མཚོ་མོ་རྨིས།།
རི་སྨུག་པོའི་མགོ་ལ་འཇའ་གུར་ཕུག།
ཡེ་ཤེས་མཚོ་མོ་བཞུགས་པའི་རྟེན་འབྲེལ་རེད།།
ངའི་མདང་གསུམ་ཉལ་བའི་རྨི་ལམ་ནང་།།
རྩྭ་ཚིགས་བཞི་མགོ་ལ་འབྲུ་བཞི་རྒྱས།།
ཆོས་བསྟན་པ་དར་གི་རྟེན་འབྲེལ་རེད།།
ཆོས་བསྟན་པ་དར་གི་རྟེན་འབྲེལ་རེད།།
ངའི་མདང་གསུམ་ཉལ་བའི་རྨི་ལམ་ནང་།།
རྗེ་མུ་མེད་ཡེ་ཤེས་མཚོ་མོ་རྨིས།།
ཕྱག་དྲོན་མོ་མགོ་ལ་བཞག་པ་རྨིས།།
ངའི་དྲིན་ཆེན་རྩ་བའི་བླ་མ་མཁྱེན།།
ངའི་མདང་གསུམ་ཉལ་བའི་རྨི་ལམ་ནང་།།
རྗེ་མུ་མེད་ཡེ་ཤེས་མཚོ་མོ་རྨིས།།
ཆོས་ཟབ་མོ་བདག་ལ་གསུང་བ་རྨིས།།
སེམས་སྐྱིད་པོའི་རྨི་ལམ་དེ་འདྲ་རྨིས།།